མཐོ་རྒྱུགས་རིང་བོད་ལྗོངས་ཀྱི་ས་ཆ་མང་ཆེ་བར་དུས་ཐུང་གི་ཆར་བ་འབབ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ཟླ7པའི་ཚེས7ནས9ཉིན་བར་ད་ལོའི་མཐོ་རྒྱུགས་གཏོང་རིང་།  བོད་ལྗོངས་ཀྱི་ས་ཆ་མང་ཆེ་བར་དུས་ཐུང་གི་ཆར་པ་འབབ་རྒྱུ་དང་།  ཕྱི་དྲོའི་དུས་སུ་འབྲུག་སྐད་རྒྱག་རྒྱུ་དང་གློག་དམར་འཁྱུག་རྒྱུ་ཡིན་ཞིང་དྲོད་ཚད་ཅུང་མཐོ་པོ་ཡོང་རྒྱུ་རེད།  ཉིང་ཁྲི་དང་གཞིས་རྩེའི་ལྷོ་རྒྱུད།  ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་།  ནག་ཆུའི་དབུས་ཤར་རྒྱུད་དང་གཙང་པོ་རྒྱུགས་ཁུལ།  ཆབ་མདོ་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ།  དེ་མིན་ས་ཆར་སྤྲིན་པ་མང་པོ་འཁོར་རྒྱུ་དང་ཐོལ་ཆར་འབབ་རྒྱུ་བཅས་རེད།  རིགས་གཅིག་མཁས་ཅན་གྱིས་ཉིན་མོའི་དྲོད་ཚད་ཅུང་མཐོ་བ་དང་སྨུག་ཕྱིའི་འོད་ཟེར་ཅུང་ཆེ་བས་ཉི་འོད་ཡག་པོ་འགོག་པ་དང་ཆུ་མང་ཙམ་འཐུང་དགོས་པ་དང་།  གཙོ་བོ་ཕྱི་དྲོ་ནས་མཚན་མོའི་བར་ཆར་པ་འབབ་རྒྱུ་མ་ཟད།  འབྲུག་སྐད་རྒྱག་པ་དང་གློག་དམར་ཡང་འཁྱུག་སྲིད་པས་ཕྱིར་སྐྱོད་སྐབས་ཆར་ཆུ་འགོག་ཆས་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།