བོད་ལྗོངས་གནས་སྤོར་བདེ་བཀོད་ས་ཚིགས་ཀྱི་འཚོ་བ་གསར་བ།

1593478049179571.jpg

འདི་ནི་གནས་སྤོར་བདེ་བཀོད་ས་ཚིགས་ཀྱི་ཟུར་ཞིག་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྲིན་པོ་རིའི་ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོར་བདེ་བཀོད་ས་ཚིགས་ཀྱི་རྣམ་གྲངས་ནི་བོད་ལྗོངས་ཀྱི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་གྱི་རྣམ་གྲངས་གལ་ཆེན་ཞིག་ཡིན། 2019ལོའི་ལོ་མཇུག་ཏུ། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྒང་སྟོད་གྲོང་རྡལ་སྲིན་པོ་རི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོར་བདེ་བཀོད་བྱ་ཡུལ་གྱི་དུས་ཐེངས་དང་པོའི་ལས་གཞི་བདེ་བླག་ངང་ལེགས་འགྲུབ་བྱུང་ནས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གསེར་གཞོང་ཤང་། མཚོ་གཉིས་རྫོང་དཀར་མཚོ་ཤང་དང་། ཡར་ཆུ་ཤང་། མཚོ་རྩེ་བྱང་མ་ཤང་བཅས་ཀྱི་མང་ཚོགས3364ལྷག2019ལོའི་ཟླ12པའི་ཚེས13ཉིན་ནས་ཚེས29ཉིན་བར་ཁག་དབྱེ་ནས་གནས་སྤར་བ་དང་སྡོད་ཁང་གསར་བར་བསྡད་པ་རེད། མིག་སྔར་གནས་སྤོར་བདེ་བཀོད་བྱ་ཡུལ་གྱི་དུས་ཐེངས་གཉིས་པའི་གྲོང་མིའི་སྡོད་ཁང་རྣམ་གྲངས་ལས་གཞི་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། སྔོན་དཔག་བྱས་པ་ལྟར་ན་ཟླ11པར་གཙོ་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུ་ཡིན་པ་དང་། 2021ལོའི་ཟླ5བར་ལས་གཞི་ཡོངས་རྫོགས་ཕལ་ཆེར་ལེགས་འགྲུབ་འབྱུང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།