“ཆུས་གསུམ་ཁུལ་གསུམ”བོད་ལྗོངས་ཀྱི་གློག་དྲ་འཛུགས་སྐྲུན་ལས་གཞི་མཇུག་བསྡུ་བའི་དུས་མཚམས་ལ་སླེབས་པ།

1593479663808047.jpg

ཟླ6པའི་ཚེས25ཉིན། བོད་ལྗོངས་མཚོ་ཆེན་རྫོང་མཚེ་རི་ཤང་གི་ཆན་ཧྥུ35ཡི་གློག་སྐྱེལ་གློག་སྒྱུར་ལས་གཞིའི་ཡུལ་དངོས་སུ་གློག་ཤུགས་འཛུགས་སྐྲུན་པས་གློག་འདྲེན་སྐུད་ལམ་གྱི་རྐྱེན་ངན་གྲལ་བཤེར་བྱེད་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ཆེན་རྫོང་མཚེ་རི་ཤང་གི་ཆན་ཧྥུ35ཡི་གློག་སྐྱེལ་གློག་སྒྱུར་ལས་གཞིའི་ལམ་ཐིག་ཧྲིལ་བོར་སྤྱི་ལེ54.374ཡོད་ཅིང་། བསྡོམས་པས་ལྕགས་ཀྱི་མཆོད་རྟེན182དང་གློག་སྡོང184ཡོད། འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྗེས་མཚེ་རི་ཤང་གི་མི2923ལ་གློག་སྤྱོད་རྒྱུ་དེ་རྒྱལ་ཁབ་གློག་དྲ“ཆུས་གསུམ་ཁུལ་གསུམ”གྱི་རྣམ་གྲངས་འཛུགས་སྐྲུན་ཁྲོད་ས་བབ་ཆེས་མཐོ་བའི་རྣམ་གྲངས་ཤིག་ཡིན། རྒྱལ་ཁབ་གློག་དྲ་ཀུང་སིའི་བཀོད་སྒྲིག་ལྟར། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ཆུས་དང་རྫོང69ཡི་ཤང(གྲོང་རྡལ)350ཡི་གྲོང་ཚོ4860ཡི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་བསྡོམས་པས214ལེགས་འགྲུབ་བྱ་རྒྱུ་དང་ལས་གཞི་བསྐྲུན་རྗེས་བོད་ལྗོངས་ཀྱི་ཁྱིམ་ཚང་ཁྲི23གྱི་ཐག་རིང་ལུང་ཁུག་ས་ཁུལ་གྱི་མང་ཚོགས་ཁྲི67.2ལ་ཕན་པ་ཐོབ་རྒྱུ་རེད། 

1593479673674097.jpg

ཟླ6པའི་ཚེས25ཉིན། བོད་ལྗོངས་མཚོ་ཆེན་རྫོང་མཚེ་རི་ཤང་གི་ཆན་ཧྥུ35ཡི་གློག་སྐྱེལ་གློག་སྒྱུར་ལས་གཞིའི་ཡུལ་དངོས་སུ་གློག་ཤུགས་འཛུགས་སྐྲུན་པས་གློག་འདྲེན་སྐུད་ལམ་གྱི་རྐྱེན་ངན་གྲལ་བཤེར་བྱེད་བཞིན་པ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།