བོད་ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་ཏང་དབུ་བརྙེས་ནས་ལོ99འཁོར་བར་དྲན་གསོ་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་28ཉིན། ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་ཏང་དབུ་བརྙེས་ནས་ལོ་99འཁོར་བར་དྲན་གསོ་ཞུ་བ་དང“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་དང་། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལིའུ་ཅང་གིས་གསུངས་དོན། ལོ་རྒྱུས་ཀྱིས་ང་ཚོར་ཀྲུང་གོའི་ལས་དོན་ཡག་པོ་སྒྲུབ་པར་འགག་རྩ་ནི་ཏང་ལ་ཐུག་ཡོད་ཅེས་བསྟན་ཞིང་། ང་ཚོས“འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་། སྲོག་ཤིང་ལ་བློ་དཀར་སེམས་དཀར་གྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཆབ་སྲིད་ཀྱི་སྒྲིག་ལམ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་བཅས་ལ་སྣེ་ཁྲིད་དེ་བརྩི་སྲུང་ཞུས་ནས“སྲུང་སྐྱོང་གཉིས”ཀྱི་དཔེ་བཟང་བ་ཞིག་བྱེད་དགོས། དད་སེམས་ལ་བློ་དཀར་སེམས་དཀར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དད་སེམས་བརྟན་པོའི་དཔེ་བཟང་བ་ཞིག་བྱེད་དགོས། ཐོག་མའི་བསམ་འདུན་ལ་བློ་དཀར་སེམས་དཀར་གྱིས་ཐོག་མའི་བསམ་འདུན་དང་འགན་འཁྲིར་ཟམ་མི་ཆད་པར་བཞུན་བརྡར་དང་མི་དམངས་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དཔེ་བཟང་བ་ཞིག་བྱེད་དགོས། འགན་འཁྲིར་བློ་དཀར་སེམས་དཀར་གྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་འགན་འཁྲི་འཁུར་ཕོད་པ་དང་ལེགས་སྐྱེས་འབུལ་མཁན་གྱི་དཔེ་བཟང་བ་ཞིག་བྱེད་དགོས། སྒྲིག་ཁྲིམས་ལ་བློ་དཀར་སེམས་དཀར་གྱིས་རང་གཅུན་ནན་པོ་དང་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱས་ནས་སྤྱོད་གཙང་གཞུང་དྲང་གི་དཔེ་བཟང་བ་ཞིག་བྱེད་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།