ཉིང་ཁྲི་གྲོང་ཁྱེར་གྱིས“དམ་འཛིན་གསུམ”ལ་བརྟེན་ནས་དབུལ་སྒྲོལ་གྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས“མཚམས་མི་འཇོག་པ”བཞིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ“ཤུགས་རྒྱག་པ་དང་། སྲ་བརྟན་དུ་གཏོང་བ། རིམ་སྤོར་བྱེད་པ”བཅས་ཐད་མུ་མཐུད་ཤུགས་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཐོག་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་བཏང་བ་རེད།

གནད་སྨིན་དབུལ་སྐྱོར་གྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཡུན་རིང་དམ་འཛིན་བྱས་ཤིང་། རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱེད་གཞིར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་ཐོན་ལས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་བཏང་བ་རེད། 2020ལོར་དབུལ་སྐྱོར་ཐོན་ལས་རྣམ་གྲངས270གསར་སྐྲུན་དང་མཐུད་སྐྲུན་བྱས་པར་ཟླ5པའི་ཟླ་མཇུག་བར་ལས་འགོ་འཛུགས་པ་དང་བསྐྱར་འཛུགས་རྣམ་གྲངས89ཟིན་པ་རེད།

ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་ལ་དམ་འཛིན་བརྟན་པོ་བྱས་ཤིང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ལས་ཞུགས་ཞབས་ཞུའི་མ་ལག་ཧུར་ཐག་བསྐྲུན་ནས་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ཏེ་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་དང་ལྷག་པར་དུ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཉིང་ཁྲི་གྲོང་ཁྱེར་གྱི་ངལ་ནུས་སྤྱོད་ཚད་ཀྱིས་ལས་མི་བསྡོམས་འབོར་གྱི60%ཡན་བཟུང་བ་དང་སྒོར་ཁྲི400མན་གྱི་རྣམ་གྲངས་ལ་དམིགས་བསལ་གྱི་བླང་བྱ་མེད་ཚེ་ཚང་མ་ཞིང་འབྲོག་པའི་ཨར་སྐྲུན་རུ་ཁག་ལ་རྩིས་སྤྲོད་དགོས་པའི་བླང་བྱ་བཏོན་པར་དབུལ་སྐྱོར་རྣམ་གྲངས160ཚུད་ཡོད་པ་རེད།

འཛད་སྤྱོད་དབུལ་སྐྱོར་ལ་བརྟེན་ནས་ཕྱིར་ཚོང་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་ཤུགས་ཆེན་བྱས་ཤིང་། དབུལ་སྐྱོར་ཐོན་རྫས་ངོས་འཛིན་གཏན་འཁེལ་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་ཁེ་ལས་8ཀྱིས་རེ་ཞུ་ཕུལ་བའི་དབུལ་སྐྱོར་ཐོན་རྫས་རིགས17ངོས་འཛིན་གཏན་འཁེལ་བྱས་པ་དང་ཁེ་ལས7གྱི་ཐོན་རྫས་རིགས16རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་བསྐྱར་བཤེར་ལེགས་གྲུབ་བྱུང་བ་རེད། དབུལ་སྐྱོར་ཐོན་རྫས་ཚོང་ར་དང་སྒོ་རྩིས་ཚོང་ཁང་དུ་འདོན་པའི་བྱ་སྤྱོད་སྤེལ་ནས་དབུལ་སྐྱོར་ཐོན་རྫས་ཀྱི་ཆེད་སྒྲོམ་བཙུགས་ནས་དེ་དག་དྲིལ་བསྒྲགས་དང་། འགྲེམས་སྟོན། ཕྱིར་ཚོང་བཅས་བྱས་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།