བོད་ལྗོངས་ཀྱིས་ནག་སེལ་གཤེད་བཅོམ་ལས་དོན་ཏན་ཏིག་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས24ཉིན།  ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་བརྙན་ལམ་ཚོགས་འདུ་འཚོགས་ཏེ།  རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་།  བོད་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་པས་ལྟ་ཁུལ་འཛུབ་ཁྲིད་བྱེད་ཚུལ་དང་ཆེད་དོན་འཐབ་རྩོད་ཀྱི་གཙང་སེལ་དྲུག་གི་བྱ་སྤྱོད་སྤེལ་ཚུལ།  མིང་སྦྱར་ལྟ་སྐུལ་གཉེར་སྒྲུབ་ཀྱི་གྱོད་དོན་གཉེར་ཚུལ་བཅས་ཀྱི་གནས་ཚུལ་ཉན་པ་མ་ཟད།  དུས་མཚམས་རྗེས་མའི་ཆེད་དོན་འཐབ་རྩོད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་གསུང་བཤད་གནང་བ་དང་།  རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཡོན་ཀྲང་བསོད་དར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཞིབ་དཔྱོད་དཔོན་ཀྲུའུ་ཡཱ་ཕིན་ཚོགས་འདུར་ཕེབས་པ་རེད།

ཧོ་ཝུན་ཧའོ་ཡིས་ད་ལོའི་ཚུན་དུ་བོད་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་མུ་མཐུད་ཚུགས་གནས་དེ་བས་མཐོ་པོའི་སྒོ་ནས་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་པ་དང་། བོད་ལྗོངས་ཀྱི་དམིགས་བསལ་གནས་ཚུལ་དང་ཆེད་དོན་འཐབ་རྩོད་ཀྱི་ཆོས་ཉིད་ཁྱད་ཆོས་ཁོངས་དུ་ཡང་དག་ཆུད་པ་བྱས་ཏེ།  གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་ཚད་ཀྱི་ཁྲིད་ཕྱོགས།  ཕན་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ནས་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་།  འབྱུང་རྩ་ནས་ནག་གཤེད་ཕྱོགས་གཏོགས་ཀྱི་གཉའ་གཅོག་དགོས་པའི་ནན་གསུངས་གནང་བ་རེད།། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།