བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་དོ་དམ་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དང་མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་ལེགས་སྒྲུབ་བྱས་པས། བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་གི་མི་རིགས་མཐུན་སྒྲིལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་དོ་དམ་ཨུ་ལྷན་གྱིས་ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་བཏོད་དེ་གླིང་ཁུལ་དོ་དམ་ཨུ་ལྷན་གྱིས་ཡུས་ཧྲན་ཧོ་མེ་རིག་གནས་ཡུལ་སྐོར་ཀུང་སིའི་ཁོངས་གཏོགས་ཀྱི་དངོས་ལྗོངས་ཟློས་གར《ཝུན་ཤིང་ཀོང་ཇོ》དང་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》སྟེ་རིག་གནས་རྣམ་གྲངས་གཉིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། འབྱུང་འགྱུར་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཆགས་པར་བྱ་རྒྱུ་རེད།

བོད་རིགས་དང་རྒྱ་རིགས་ཀྱི་ལས་བྱེད་ལས་བཟོ་དང་། བོད་རིགས་དང་རྒྱ་རིགས་ཀྱི་ཁེ་ལས། བོད་རིགས་དང་རྒྱ་རིགས་ཀྱི་མང་ཚོགས་བཅས་དབར་གྱི་མཉམ་ལས་གཉིས་ཁེའི་འདུ་ཤེས་ཟབ་ཏུ་འགྲོ་རྒྱུར་ཤུགས་སྣོན་རྒྱག་ཆེད། གླིང་ཁུལ་དོ་དམ་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་བརྗོད་དོན་གཙོ་བོར་བྱས་པའི་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྒོ་དང་གཅེས་སེམས་མཚོན་པའི་བྱེད་སྒོ་ཐེངས་མང་སྤེལ་ཏེ། བོད་རྒྱ་ཁྱིམ་ཚང་གཅིག་ལྟར་གྱི་འདུ་ཤེས་མི་རྣམས་ཀྱི་སེམས་སུ་ཟུག་པར་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།