བོད་ལྗོངས་ཀྱིས་རིག་གནས་སྒྱུ་རྩལ་དཔུང་ཁག་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་རྫོང༼ཆུས༽ཁག་གི་རིག་རྩལ་ཚོགས་པའི་རིག་རྩལ་མི་སྣའི2020ལོའི་སྦྱོང་བརྡར་འཛིན་གྲྭ་ལྷ་སར་གཉེར་བ་རེད།  ད་རེས་ཀྱི་སྦྱོང་བརྡར་ནང་ལྗོངས་ནང་ཁུལ་གྱི་རིག་རྩལ་རིགས་གཅིག་མཁས་ཅན་དང་མཁས་དབང་བརྒྱད་གདན་ཞུས་བྱས་ནས་སློབ་མ71ལ་འབྲེལ་ཡོད་སློབ་ཚན་འཁྲིད་པ་རེད།  དེའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་གཞི་རིམ་རིག་རྩལ་འཁྲབ་སྟོན་པའི་ཆེད་ལས་ཆུ་ཚད་དང་རིག་གཞུང་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་།  བོད་ལྗོངས་ཀྱི་གཞི་རིམ་རིག་གནས་རིག་རྩལ་རུ་ཁག་གི་ཕྱོགས་བསྡུས་ཞབས་ཞུའི་འཇོན་ཐང་ཆེ་རུ་བཏང་ནས།  བོད་ལྗོངས་སུ་མང་ཚོགས་ཀྱི་རིག་གནས་སྒྱུ་རྩལ་དཔུང་ཁག་རྒྱུན་ཆད་མེད་པར་གྲ་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་སྤེལ་གཏོང་ཆེད་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།