བོད་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར9.8མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་བྱ་བའི་བཀོད་སྒྲིག་དང་ཐོན་རྫས་ཉོ་ཚོང་འབྲེལ་མཐུད་ཚོགས་འདུ་ལྷ་ས་རུ་བསྡུས་པ་རེད།

ཚོགས་འདུའི་ཐོག《2020ལོའི་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་བྱ་བའི་ཇུས་གཞི》དང་རང་བྱུང་འཐུང་ཆུའི་ཐོན་རྫས་ལས་ཁུངས་དང་། སློབ་གྲྭ ཁེ་ལས། མཛེས་ལྗོངས་ཁུལ། མགྲོན་ཁང་། ཚོང་ཁང་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་བར་བཀོད་སྒྲིག་བྱས་པ་རེད། བོད་ལྗོངས་ཀྱི་འབྲེལ་ཡོད་ལས་རིགས་སྡེ་ཚན་གྱིས་རང་སོ་སོའི་འགན་ནུས་དང་ཟུང་འབྲེལ་བྱས་ནས་རང་བྱུང་འཐུང་ཆུའི་ཐོན་ལས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་བསམ་བློ་བརྗེ་རེས་དང་གཏམ་བཤད་བྱས་པ་རེད། རང་བྱུང་འཐུང་ཆུ་ཐོན་སྐྱེད་ཁེ་ལས་ཀྱི་འགན་འཁུར་བས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་རྗེས་ཕྱོགས་ཀྱི་བྱ་བའི་འཆར་གཞི་ངོ་སྤྲོད་བྱས།

རྒྱུས་ལོན་པ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱིས་རང་བྱུང་འཐུང་ཆུ་དེ་གཙོ་གནད་ཐོན་ལས་སུ་བརྩིས་ནས་ནུས་ཤུགས་ཡོད་རྒུས་གཏོད་པར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། 2019ལོར་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཏུན་ཁྲི60.68ཟིན་པ་དང་། 2012ལོའི་ལྡབ6ཡིན་པ་དང་ལོ་རེར་ཆ་སྙོམས་འཕར་ཚད30%ཟིན་ལ། ལྗོངས་ཡོངས་ཀྱི་ཐོན་ལས་གཙོ་བོའི་ཁྲོད་འཕར་ཚད་ཆེས་མགྱོགས་པའི་ཐོན་ལས་ཀྱང་ཡིན། བཟོ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར9.8མངོན་འགྱུར་བྱས་ཏེ། 2012ལོའི་ལྡབ2.1ཡིན་པ་དང་ལོ་རེར་ཆ་སྙོམས་འཕར་ཚད11%ལ་སླེབས། གཞི་ཁྱོན་ལྡན་པའི་ཆུའི་ཁེ་ལས་བཟོ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར8ཡིན་ཞིང་། ལྗོངས་ཡོངས་ཀྱི་འཛད་སྤྱོད་ཐོན་རྫས་བཟོ་ལས་གཞི་ཁྱོན་ཡན་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི19%ཟིན། སྤྱིའི་ཆ་ནས་བལྟས་ན། ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་བརྟན་རླིང་ཁྲོད་གོང་འཕེལ་བྱུང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།