ལྷོ་ཁ་གྲོང་ཁྱེར་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་ཐོག་ཡར་འཕེལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་ཐབས་ལ་ཤུགས་སྣོན་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་ཐོག་ཡར་འཕེལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཚེ་སྲོག་གོང་དུ་བཀུར་བ་དང་བདེ་འཇགས་ཨང་དང་པོར་འཇོག་པའི་འདུ་ཤེས་བརྟན་པོ་འཛུགས་པ། བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིག་ལ་སྔར་བས་ཤུགས་སྣོན་རྒྱག་པ། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ནན་པོ་བྱེད་པ། ལས་དོན་དེ་བས་ཚགས་ཚུད་དང་གང་ལེགས་སྒྲུབ་པ། འགན་འཁྲི་དེ་བས་ནན་དུ་དང་ཞིབ་ཚགས་སུ་གཏོང་བ། རྣམ་འགྱུར་ནན་ཤོས་དང་བྱེད་ཐབས་ནུས་པ་ལྡན་ཤོས་བཅས་ཀྱི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་བཏང་བ་རེད།

ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་ཕྱོགས་བཞི་ཡི་གྲལ་བཤེར་ནང་དོན་ལ་དམིགས་ཏེ། གྲལ་བཤེར་དང་བཅོས་སྒྲིག་ཆེན་པོ་ནན་ལ་ཞིབ་ཅིང་ཕྲ་བ་བྱས་ནས་གྲལ་བཤེར་ཐད་ཁུག་གསང་མི་ལུས་པ། ཕྱི་ཚུལ་ཙམ་གྱི་གྲལ་བཤེར་མི་བྱེད་པ་བཅས་ཀྱི་འགན་ལེན་བྱས་ནས། རང་བཤེར་བྱེད་སྐབས་གནད་དོན་མེད་པ་དང་གཞན་གྱིས་གྲལ་བཤེར་བྱེད་སྐབས་ཚང་མ་གནད་དོན་ཡིན་པའི་སྣང་ཚུལ་མི་ཐོན་པ་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་གྱིས་དོན་དངོས་ལ་གཞི་ཚུཌ་ནས་དུས་ཐོག་ཏུ“1+N”ལག་བསྟར་ཇུས་གཞིའི་འཆར་ཟིན་བཟོས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ཁྲོད་ཀྱི་ཞན་ཆ་དང་མི་འདང་བའི་ཆ་བཙལ་འཚོལ་ཏན་ཏིག་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་བདེ་འཇགས་འགོག་ཟོན་གྱི་བཅོས་སྒྲིག་བྱེད་ཐབས་བཏོན་པ་དང་། བདེ་འཇགས་ཀྱི་འགན་འཁྲི་ནན་དུ་གཏོང་བ། འགན་ལེན་ནུས་པ་ཆེ་རུ་གཏོང་བ། ཐག་གཅོད་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མངོན་མེད་རྐྱེན་ངན་མེད་པར་བཟོས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།