འདམ་གཞུང་རྫོང་གིས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཏོག་གསར་གློ་ཚད་རིམས་ནད་ཐོན་རིང་ཕྱུགས་རིགས་ལས་རིགས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་དུས། འདམ་གཞུང་རྫོང་གི〔གྲོང་ཚོ〕རིམ་པའི་སྲོག་ཆགས་རིམས་འགོག་སྨན་པ་དང་། གྲོང་སྡོད་ལས་དོན་རུ་ཁག གཤམ་སྐྱོད་ལས་བྱེད་པ་བཅས་དང་། དེ་བཞིན་ཕྱུགས་རིགས་རིམས་འགོག་ཁང་གི་ལས་དོན་པ་གསོ་ཚགས་འབྲོག་དུད་དུ་བསྐྱོད་དེ་འབྲོག་པ་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདམ་གཞུང་རྫོང་གིས“དུད་ཚང་མི་རེ་ངོ་རེའི་ཕྱུགས་རིགས་གཅིག་ཀྱང་མ་ལུས་པ་དང་ཕྱུགས་རིགས་ཚང་མར་རིམས་འགོག་སྨན་ཁབ་རྒྱག་རྒྱུ་མ་ལུས་པ་བྱེད་པའི”རྩ་དོན་གཞིར་བཟུང་། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་སྲིད་འཛིན་གྲོང་ཚོ་29ཡི་ཕྱུགས་རིགས་ལ་རིམས་འགོག་སྨན་ཁབ་བརྒྱབ་པ་རེད། ད་རེས་བརྒྱབ་པའི་རིམས་འགོག་སྨན་ཁབ་ནང་འཇམ་ནད་ཀྱི་རིམས་འགོག་སྨན་ཁབ་དང་། ཉིས་བྲིན་ཐར་སྨན་Aརིགས་དང་Oརིགས་ཡོད་པ་རེད། རིམས་འགོག་ཚོགས་ཆུང་གིས་ལས་དོན་སྒྲུབ་རིང་། ནད་ཡམས་བརྟག་ཞིབ་ཀྱི་སྒྲིག་སྲོལ་ལག་བསྟར་ནན་པོ་བྱས་ཏེ་ཞིབ་བཤེར་བྱེད་ཞོར་དུ་ཐོ་འགོད་དང་དྲིལ་བསྒྲགས་བྱེད་པའི་ཐབས་ཤེས་སྤྱད་དེ། སྲོག་ཆགས་ཀྱི་རིམས་ནད་མི་འགོ་བ་དང་མི་མཆེད་པ་བྱས་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཚོའི་དཔལ་འབྱོར་གྱི་ཕན་འབྲས་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།