མངའ་རིས་ཀྱིས་ས་ཁུལ་ཡོངས་ཀྱི་ཐོན་ལས་དང་ལས་ཞུགས་ལས་དོན་ལ་གྲལ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མངའ་རིས་ས་ཁུལ་གྱིས་འབྲེལ་ཡོད་ཚན་པ་དང་ཆེད་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་ས་ཁུལ་ཡོངས་ཀྱི་ཐོན་ལས་དང་ལས་ཞུགས་ལས་དོན་ལ་གྲལ་བཤེར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གྲལ་བཤེར་ལས་དོན་ནི་རྫོང་ཁག་གི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་སྣེ་ཁྲིད་པ་དང་ཤང་དང་གྲོང་རྡལ་དང་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཞིབ་ཕྲའི་འགན་ཁུར་ཏེ། ཁོངས་གཏོགས་ཁུལ་གྱི་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་ཀྱི་དུད་ཚང་ཚང་མར་གྲལ་བཤེར་བྱས་པ་རེད། གྲལ་བཤེར་བྱེད་པའི་ཁྱབ་ཁོངས་ནི་མངའ་རིས་ས་ཁུལ་གྱི་ཐོ་འགོད་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། དེ་བཞིན་གྲལ་བཤེར་བྱས་ནས་རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ཆ་འཕྲིན་མ་ལག་ནང་བཅུག་པའི་དབུལ་ཉེའི་དུད་ཚང་རེད།

ད་རེས་ཀྱི་གྲལ་བཤེར་བསྡོམས་རྩིས་ལས་དོན་སྤེལ་བ་བརྒྱུད། མངའ་རིས་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དགོས་མཁོ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ་དང་མང་ཚོགས་ཀྱི་བྱེད་པོའི་འདུ་ཤེས་ཟབ་ཏུ་བཏང་སྟེ། མངའ་རིས་ས་ཁུལ་གྱི་ཐོན་ལས་དང་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་ཆེད། གྲངས་གཞིའི་རྒྱབ་སྐྱོར་དང་འགན་ལེན་བྱས་པ་དང་འབྲེལ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཀྱང་སྲ་བརྟན་དུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།