ལྷོ་ཁ་གྲོང་ཁྱེར་གྱིས“སྐར་བརྒྱད་ཏང་ཀྲི་པུའུ”བཏོད་ནས་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“སྐར་བརྒྱད་ཏང་ཀྲི་པུའུ”གཏོད་རྒྱུ་ཁྱབ་གདལ་བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

“སྐར་བརྒྱད་ཏང་ཀྲི་པུའུ”གཏོད་པའི་བརྒྱུད་རིམ་ནང་། ལྷོ་ཁ་གྲོང་ཁྱེར་གྱིས་ཁྱབ་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་ཏང་ཀྲི་པུའི་ལས་ཀའི་ཁྱད་ཆོས་ལ་གཞིགས་ཏེ། ཞིང་འབྲོག་ཁུལ་དང་། ལས་ཁུངས། སློབ་གྲྭ གཞུང་ཁོངས་ཁེ་ལས། ལས་བྲལ་དང་རྒན་ཡོལ་ཞུས་པ། གསར་གཉིས་ཏང་ཀྲི་པུའུ་བཅས་གཏོད་པའི་ཚད་གཞི་རིགས་དབྱེ་ནས་ཕྱོགས་བསྒྲིགས་གཏན་འཁེལ་བྱས་ཡོད། ཏང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་བྱ་རྒྱུ་དེ་རྩ་འཛུགས་ཀྱི་བཀོད་སྒྲིག་དང་། ཚན་ཁག་གི་དཔུང་ཁག ཏང་ཡོན་གྱི་དཔུང་ཁག རྩ་འཛུགས་ཀྱི་འཚོ་བ། ནུས་པ་འདོན་སྤེལ། འཁོར་རྒྱུག་ལམ་སྲོལ། ཚོགས་རའི་ཚད་གཞི། ལས་ཀའི་འགན་ལེན་བཅས་སྐར་མ་རིམ་པ་བརྒྱད་ལ་ཕྱེ་ནས་སྐར་མ་རིམ་པ་སོ་སོའི་ལས་འགན་གྱི་ཚད་གཞི་དང་སྐར་གྲངས་ཞིབ་ཚགས་སུ་བཏང་བ་དང་། ཁག་རེ་རེ་བཞིན་བསྡུར་བ་བཏང་སྟེ་འཛུགས་གཏོད་ལས་དོན་སྤེལ་ཡོད། དེ་དང་དུས་མཚུངས་ལོ་འཁོར་གྱི་ལས་འགན་སྒྲུབ་ཚུལ་གྲོས་མོལ་དཔྱད་ཞིབ་དང་། བརྟག་ཞིབ་ཀྱི་ཚུར་ལན་གནད་དོན་དང་། བསམ་འཆར་དང་གྲོས་འགོ ལས་རིགས་ཁག་གི་མངོན་གསལ་དོད་པའི་གནད་དོན་བཅས་ཀྱི་གསལ་ཐོ་བཟོས་ནས་ཏང་ཀྲི་པུའུ་ལ་སྙན་སེང་ཞུས་ཏེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།