བོད་རང་སྐྱོང་ལྗོངས་ཀྱིས2020ལོའི“བདེ་འཇགས་ཐོན་སྐྱེད་བོད་ལྗོངས་སུ་སྐྱོད་པའི”བྱེད་སྒོ་སྤེལ་འགོ་ཚུགས།

W020200617318384020175.jpg

འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ6པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཐེངས19པ་ཡིན་པ་རེད། ཟླ6པའི་ཚེས16ཉིན་བོད་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་དང་བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིན་གྱིས་གཙོ་སྒྲུབ་བྱས་པའི2020ལོའི“བདེ་འཇགས་ཐོན་སྐྱེད་བོད་ལྗོངས་སུ་སྐྱོད་པའི”འགོ་ཚུགས་མཛད་སྒོ་དང་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི་བྱེད་སྒོ་ལྷ་སར་སྤེལ་བ་རེད། 

ད་ལོའི“བདེ་འཇགས་ཐོན་སྐྱེད་བོད་ལྗོངས་སུ་སྐྱོད་པའི”འགོ་ཚུགས་མཛད་སྒོ་དང་བདེ་འཇགས་ཐོན་སྐྱེད་ཀྱི་བློ་འདྲིའི་ཉིན་མོའི་བྱེད་སྒོ་སྤེལ་སྐབས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་དང་། དྲ་ཐོག་གཙོ་བོར་འཛིན་པ་དང་ཡུལ་དངོས་སུ་བྱེད་སྒོ་སྤེལ་བ་གཞོགས་འདེགས་སུ་བྱེད་པའི་བྱ་ཐབས་སྤྱད་དེ་དྲ་ཐོག་བཅར་འདྲི་དང་། རྒྱང་བསྟེན་ཟུར་ཁྲིད། བདེ་འཇགས་ཐོན་སྐྱེད་བྱེད་སྒོ་དྲ་ཐོག་ཏུ་སྤེལ་བ་བཅས་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཐད་གཏོང་མཉམ་འགུལ་དང་། དྲ་ཐོག་འགྲེམས་ཁང་། དྲ་ཐོག་བདེ་འཇགས་ཉམས་ལེན་སོགས་དྲ་ཐོག་བདེ་འཇགས་དྲིལ་བསྒྲགས་གསར་གཏོད་བྱས་པ་རེད།

W020200617318665796500.jpg

བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིན་ཏང་ཨུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་བོད་རང་སྐྱོང་ལྗོངས་སུ་རིགས་ཁག་གི་བདེ་འཇགས་དོན་རྐྱེན་བསྡོམས་པས306བྱུང་བ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན3.47%ཆག་ཡོད། དེའི་ནང་དོན་རྐྱེན་ཆེ་གྲས་བྱུང་ཚད་དང་མི་ཤི་ཚད་དེ་ན་ནིང་གི་དུས་མཚུངས་ལས་སོ་སོར40%དང42.9%ཆག་ཡོད་ལ། ལོ་གསུམ་རིང་དོན་རྐྱེན་ཚབས་ཆེན་དང་གལ་ཆེན་བྱུང་མེད་ལ་བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་རྒྱུན་མཐུད་བརྟན་བརླིང་ངང་ཇེ་ལེགས་སུ་ཕྱིན་ཡོད།

དེ་དང་ཆབས་ཅིག་ཏུ་འགྲིམ་འགྲུལ་ལྟེ་གནས་དང་། ཚོང་ལས་ཁྲོམ་ཁུལ། སྤྱི་གླིང་དང་ཐང་ཆེན། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སུ་བདེ་འཇགས་སྦྱར་ཡིག་དང་། འཕྲེད་འགེལ་ཡིག་རིགས། འགེལ་རིས་སོགས་སྦྱར་ཏེ་སྤྱི་ཚོགས་ཡོངས་སུ་བདེ་འཇགས་ཐོན་སྐྱེད་ལ་སེམས་ཁུར་དང་བདེ་འཇགས་འཕེལ་རྒྱས་ནང་ཞུགས་པའི་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་བསྐྲུན་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།