བོད་ལྗོངས་ཀྱིས་སློབ་ཆེན་སློབ་ཐོན་པར་ལས་ཞུགས་ཀྱི་གོ་སྐབས་ཆེན་པོ་བསྐྲུན་རྒྱུ་རེད།

W020200614411686279202.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས12ཉིན།  ཉིན་བརྒྱའི་རིང་ལས་གནས་ཁྲི་སྟོང་མང་པོ་མཁོ་འདོན་བྱེད་པའི་དྲ་རྒྱའི་གདན་ཞུའི་ཆེད་དོན་བྱ་སྤྱོད་དང་།  བོད་ཀྱི་སློབ་ཆེན་སློབ་ཐོན་པ་ས་གནས་ས་ཐོག་ཏུ་གདན་ཞུ་བྱེད་པའི་སྤྱི་ལོ2020ལོའི་བྱེད་སྒོ་ཆེ་གྲས་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་སུ་གཉེར་བ་རེད།  ཐེངས་འདིའི་གདན་ཞུའི་བྱེད་སྒོའི་ནང་འགྲིམ་འགྲུལ་དང་དངུལ་རྩ།  ནུས་རྒྱུ་སོགས་ལས་རིགས་ཀྱི་ཚན་པ177གྱིས་སློབ་ཆེན་སློབ་ཐོན་པར་འཚམས་པའི་ལས་གནས3381མཁོ་འདོན་བྱས་ཡོད།

W020200614411683119156.jpg

བསྡོམས་རྩིས་རྒྱབ་པར་གཞིགས་ན།  ཐེངས་འདིའི་གདན་ཞུའི་བྱེད་སྒོའི་ནང་ལས་ཀ་འཚོལ་བར་ཡོང་མཁན་མི་ཐེངས3452ཟིན་ཡོད་པ་དང་།  མི་བེད་སྤྱོད་ཚན་པའི་དབར་དང་འདོད་མཐུན་བཞག་མཁན523བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་ཆེད་སྤྱི་ལོ2020ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་དང་འཚམས་པའི་རིགས་ཁག་གི་ལས་གནས63000བསྡུ་རུབ་བྱེད་རྩིས་ཡོད་པ་དང་།  གདན་ཞུའི་བྱེད་སྒོའི་ཐོག་ཁེ་ལས་ཁག་ཅིག་གི་ལས་ཞུགས་ལས་གནས་ཆ་འཕྲིན་འགྲེམ་བསྒྲགས་བྱས་ཡོད་པ་དང་།  གོམ་སྟབས་རྗེས་མར་མུ་མཐུད་ཐབས་ལམ་སྣ་ཚོགས་བརྒྱུད་སྤྱི་ཚོགས་ཐོག་དེ་མིན་གྱི་ལས་གནས་ཆ་འཕྲིན་ཁག་ཀྱང་འགྲེམ་བསྒྲགས་བྱ་རྒྱུ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།