མངའ་རིས་ས་ཁུལ་གྱི་གནས་སྐོར་བོད་སྐྱོར་བྱ་བར་གྲུབ་འབྲས་གསར་བ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཧོ་པའེ་ཞིང་ཆེན་གྱི་སྐོར་དགུ་བའི་བོད་སྐྱོར་ལས་དོན་རུ་ཁག་དང་མི3གྱིས་གྲུབ་པའི་ཆེད་མཁས་པའི་ཚོགས་ཆུང་གིས་བོད་ལྗོངས་རྒྱལ་སྤྱིའི་གནས་སྐོར་རིག་གནས་དངུལ་གཏོང་ཚོགས་པ་མངའ་རིས་རོང་ཆེན་གནས་སྐོར་ཁུལ་གསར་སྤེལ་ཚད་ཡོད་ཀུང་སི་དང་འབྲེལ་མཐུད་གྲོས་མོལ་གཏིང་ཟབ་བྱས་པ་བརྒྱུད།《མངའ་རིས་ས་ཁུལ་གྱི་གནས་སྐོར་ཐོན་ལས་རིམ་སྤོར་དང་ཐོན་ཁུངས་ཡོངས་བཤེར་འཆར་འགོད》དང《གུ་གེའི་གནའ་ཤུལ་མཛེས་ལྗོངས་ཁུལ་གྱི་ཚོད་འཛིན་རང་བཞིན་གྱི་འཆར་འགོད》ཀྱི་སྒྲིག་བཟོའི་ལས་དོན་སྤེལ་བ་དང་། རྩྭ་མདའ་རྫོང་གུ་གེའི་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། རུ་ཐོག་རྫོང་རིག་གནས་གསར་གཏོད་འགྲེམ་སྟོན་ལྟེ་གནས་ཀྱི་རྣམ་གྲངས་བོད་ལྗོངས་རྒྱལ་སྤྱིའི་གནས་སྐོར་རིག་གནས་དངུལ་གཏོང་ཚོགས་པའི་ལོ་འཁོར་གྱི་གཙོ་གནད་རྣམ་གྲངས་ནང་འཇུག་པའི་ཐད་གྲོས་མཐུན་བྱུང་བ་རེད། ཕྱོགས་གཉིས་ཀྱི་བསམ་འཆར་ལྟར་ན། ཀུང་སི་དེས་བསྡོམས་པས་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར5ཙམ་བཏང་ནས“བོད་ནུབ་ཀྱི་ཞིང་ཁམས།མཁའ་དབྱིངས་མངའ་རིས”ཞེས་པའི་གནས་སྐོར་སྤུས་རྟགས་རྒྱུན་མཐུད་ངང་གཏོད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

དེ་མིན་རྩྭ་མདའ་རྫོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གནས་སྐོར་ཐོན་ཁུངས་མཉམ་དུ་སྔོག་འདོན་དང་གསར་སྤེལ་བྱས་ནས། རྩྭ་མདའ་རྫོང་གི་གནས་སྐོར་ཐོན་ལས་རྒྱ་ཆེན་པོར་གཏོང་ཆེད། བོད་ལྗོངས་རྒྱལ་སྤྱིའི་གནས་སྐོར་རིག་གནས་དངུལ་གཏོང་ཚོགས་པ་མངའ་རིས་རོང་ཆེན་གནས་སྐོར་ཁུལ་གསར་སྤེལ་ཚད་ཡོད་ཀུང་སིས་མ་དངུལ་སྒོར་དུང་ཕྱུར3གཏོང་རྩིས་ཡོད་པ་རེད། རྩྭ་མདའ་རྫོང་དུ་ཞང་ཞུང་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་། ཞོན་ཝུའུ་ཞབས་བྲོའི་འཁྲབ་སྟོན་ཁང་། མགྲོན་ཁང་། ཞང་ཞུང་རིག་གནས་ཚོང་ལས་ཁྲོམ་གཞུང་སོགས་གནས་སྐོར་རྣམ་གྲངས་བསྐྲུན་ཡོད། ད་ལོའི་བར་མ་དངུལ་བསྡོམས་པས་མི་དམངས་ཤོག་སྒོར་དུང་ཕྱུར1.25བཏང་ཡོད་པ་རེད།

ཉེ་བའི་ལོ་འགའི་རིང་ལ། ཧོ་པའེ་ཞིང་ཆེན་བོད་སྐྱོར་བྱ་བའི་རུ་ཁག་གིས་མངའ་རིས་ས་ཁུལ་གྱི་གནས་སྐོར་ཚོང་རའི་གཙོ་གཞི་ཉུང་བའི་ཞན་ཆར་དམིགས་ཏེ། མངའ་རིས་ས་ཁུལ་གྱི་ཐོན་ཁུངས་ལེགས་ཆར་ཁོ་ནར་བརྟེན་ནས། ཐུམ་སྒྲིལ་རྣམ་གྲངས་ཇུས་འགོད་ཞིབ་ཚགས་བྱས་པ་དང་། དངུལ་གཏོང་ཁོར་ཡུག་སྐྲུན་པར་ནུས་ཤུགས་བཏོན་ཏེ། གནས་སྐོར་ཚོང་བར་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་ཏེ་ལྗོངས་ནང་ཁུལ་དང་ཧོ་པའེ་ཐ་ན་རྒྱལ་ཡོངས་ཀྱི་ཚོང་བ་སྔར་ལས་མང་བས་མངའ་རིས་ལ་དོ་ཁུར་དང་། མངའ་རིས་སུ་བསྐྱོད་པ། མངའ་རིས་བརྒྱུད་བསྒྲགས་བཅས་བྱ་རྒྱུར་ཐབས་བརྒྱ་ཇུས་སྟོང་ངང་ཁྲིད་སྟོན་བྱས་པ་རེད། ན་ནིང་ནས་བཟུང་མངའ་རིས་ས་ཁུལ་གྱིས་གནས་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས5ལ་མིང་རྟགས་བཀོད་པ་དང་། ཁེ་ལས་གཉིས་དངོས་སུ་བཙུགས་པ། མ་དངུལ་སྒོར་དུང་ཕྱུར6གཏོང་བར་གྲོས་མཐུན་བྱུང་ཡོད་དེ། མངའ་རིས་སུ་གནས་སྐོར་དུ་ཡོང་མཁན་དུས་མཚུངས་ལས24.7%འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།