བོད་ལྗོངས་ཨ་མདོ་རྫོང་གི2020ལོའི“གཤམ་སྤེལ་ལྔ”བྱ་འགུལ་གྱིས་ཡུལ་གཞན་གནས་སྤོར་མང་ཚོགས་ལ་ཞབས་ཞུ་བསྒྲུབས།

1591838183440690.jpg

འདི་ནི་ཨ་མདོ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་མང་ཚོགས་ལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ6པའི་ཚེས10ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ནས་རྒྱུས་ལོན་པ་ལྟར་ན། ཉིན20ལྷག་གི་རིང་ལ་སྤྱིའི་ལམ་ཐག་སྤྱི་ལེ3400ལྷག་ཡོད་པའི་ཨ་མདོ་རྫོང་གི2020ལོའི་གཤམ་སྤེལ་ལྔ་ཡི་བྱ་འགུལ་ཉེ་སྔོན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གུང་དཀར་རྫོང་དགོན་སྟོད་གྲོང་རྡལ་སྲིན་བུ་རི་ས་བབ་ཆེས་མཐོ་སའི་སྐྱེ་ཁམས་གནས་སྤོར་བདེ་བཀོད་ས་ཚིགས་སུ་མཇུག་སྒྲིལ་བ་རེད།

1591838159863025.jpg

འདི་ནི་ཨ་མདོ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་མང་ཚོགས་ལ་ཞབས་བློ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

ཨ་མདོ་རྫོང་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། བྱ་འགུལ་དེ་ནག་ཆུ་དང་། ལྷ་ས། ལྷོ་ཁ་བཅས་ས་ཁུལ་གསུམ་རྒྱུད་དེ། ལས་བྱེད་པ་དང་མང་ཚོགས། གཞུང་ལམ་བདག་སྐྱོང་རུ་ཁག་བཅས་མི4800ལྷག་ལ་རིག་གནས་དང་ཚན་རྩལ། འཕྲོད་བསྟེན། ཁྲིམས་ལུགས། རྒྱལ་གཅེས་ཆོས་གཅེས་དྲིལ་བསྒྲགས་ཞབས་ཞུ་སྐྱེལ་ཏེ། རིགས་སོ་སོའི་དྲིལ་བསྒྲགས་ཡིག་ཆ5100ལྷག་དང་། སྨན་རྫས1300ལྷག དཔེ་ཁུག170། ལུས་རྩལ་གྱོན་ཆས200འགྲེམ་གཏོང་བྱས་པ་མ་ཟད། རོང་འབྲོག་མང་ཚོགས1480ལྷག་ལ་རིན་མེད་ངང་འོས་འགན་བརྟག་དཔྱད་བྱས་པ་རེད།

118997580_zsite.jpg

2020ལོའི་གཤམ་སྤེལ་ལྔ་ཡི་བྱ་འགུལ་ཉེ་སྔོན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གུང་དཀར་རྫོང་དགོན་སྟོད་གྲོང་རྡལ་སྲིན་བུ་རི་ས་བབ་ཆེས་མཐོ་སའི་སྐྱེ་ཁམས་གནས་སྤོར་བདེ་བཀོད་ས་ཚིགས་སུ་མཇུག་སྒྲིལ།

རྒྱུས་ལོན་པ་ལྟར་ན། ཡུལ་གཞན་གནས་སྤོར་མང་ཚོགས་ཀྱི་སྒུལ་ཤུགས་ལ་ཤུགས་བསྣན་ཏེ། རང་ནུས་དང་ངལ་རྩོལ་ལ་བརྟེན་ནས་ཕྱུག་སྒྱུར་བྱེད་པ་དང་། འཚོ་བ་གསར་བར་གོམས་ཏེ་ཁོར་ཡུག་གསར་བར་བསྟུན་པར་སློབ་གསོ་དང་སྣེ་ཁྲིད་བྱ་ཆེད། ཨ་མདོ་རྫོང་གིས་རྣམ་པ་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པའི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན“གཤམ་སྤེལ་ལྔ”ཡི་དྲིལ་བསྒྲགས་བྱ་འགུལ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”དྲིལ་བསྒྲགས་བྱ་འགུལ་སྲིན་བུ་རི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོར་བདེ་བཀོད་ས་ཚིགས་སུ་བསྐྱལ་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།