འཐབ་ས་དང་པོར་ལས་ལ་གཞོལ། གཞི་རིམ་ཁུལ་དུ་བྱས་རྗེས་བཞག

——— ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་ཏང་འཛུགས་སྐྱོང་ལས་ཀའི་སྐོར་རགས་བྲིས།

དར་ཆ་ནི་ཁ་ཕྱོགས་ཤིག་དང་དར་ཆ་ནི་སྟོབས་ཤུགས་ཤིག་རེད། ལོ་མང་རིང་ལྷ་སའི་ས་ཆ་གང་སར་རིམ་ཁག་ཏང་ཡོན་ལས་བྱེད་པའི་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་དང་། ཁོང་ཚོས་ཁྲོམ་གཞུང་དང་སྲང་ལམ་ཆེ་ཆུང་གང་སར་དམངས་ཀྱི་གནས་ཚུལ་འདྲི་བ་དང་དམངས་ཀྱི་སེམས་ཁྲལ་སེལ་བ་དང་། ཁོང་ཚོས་ཞིང་ནང་དང་མུ་ཁར་བསྐྱོད་དེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད།

ཕྱུག་འགྱུར་སྣེ་ཁྲིད་པ་བྱས་པ།

ཉེ་བའི་ལོ་ཤས་རིང་འདམ་གཞུང་རྫོང་གིས“ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ་བཅས་ཟུང་དུ་སྦྲེལ་བའི”དབུལ་སྐྱོར་བྱེད་སྟངས་སྤྱད་དེ་ཀྲི་པུའུ་དང་ཏང་ཡོན་གྱི་དངོས་ཚན་དཔལ་འབྱོར་གཉེར་རྒྱུར་སྐུལ་ལྕག་གང་ལེགས་བྱས་ནས་དུད་ཚང་དབུལ་པོའི་ལས་ཞུགས་ལས་གཏོད་ལ་སྐུལ་ཁྲིད་བྱས་ཡོད། ཀོ་ཁྱིམ་གྲོང་ཚོའི་འབྲི་གཡག་དུས་ཐུང་རྒྱགས་གསོའི་ཆེད་ལས་མཉམ་ལས་ཁང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་དུད་ཚང་265ཡི་མི་1234དབུལ་སྒྲོལ་ཕྱུག་འགྱུར་བྱ་གཞག་ལ་ཧུར་ཐག་ཞུགས་རྒྱུར་སྣེ་ཁྲིད་ནས་དབུལ་སྒྲོལ་འབབ་འཕར་གྱི་རྨང་གཞི་བརྟན་དུ་བཏང་ཡོད།

“ཀྲི་པུའུ་རེར་ཇུས་གཞི་རེ་དང་གནད་དོན་རེར་ཐབས་ཇུས་རེའི”བླང་བྱར་གཞིགས་ནས་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པའི་ཆ་འཕྲིན་མཛོད་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྒུལ་རྣམ་ཅན་གྱི་དོ་དམ་ལག་ལེན་བྱས་ཡོད། གྲོང་ཚོ་དང་གྲོང་ལྷན་གྱི་ལས་བྱེད་པའི་བྱ་གཞག་སྒྲུབ་པ་དང་ལས་གཏོད་བྱེད་པའི་ནང་སྐྱེས་སྒུལ་ཤུགས་སྔར་བས་འཕེལ་བར་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་ཆེ་རུ་བཏང་ཡོད།

“ལས་རིགས་ངོ་སྤྲོད་མཁན”ཡག་པོ་བྱས་པ།

ལས་ཞུགས་ནི་དམངས་འཚོའི་གལ་ཆེ་ཤོས་རེད། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་ཏང་འཛུགས་སྐྱོང་གིས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི“བརྟན་གཏོང་ཡོ་ཆས”དང“ཕན་སྐུལ་རྫས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། སྲིད་ཇུས་སྒྲོག་འགྲེལ་དང་ཁྲིད་སྟོན་སྤྱི་འདོམས་མཐའ་འཁྱོངས་བྱས་ནས་རོགས་སྐྱོར་དང་གསོ་སྐྱོང་གལ་ཆེ་མཉམ་འཛིན་དང་ལས་ཞུགས་དང་ལས་གཏོད་མཉམ་དུ་བཞག་སྟེ་ཞབས་ཞུའི་རྣམ་པའི་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ་དང་ལས་ཞུགས་འགན་སྲུང་དྲ་བ་དམ་ཚགས་སུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།

ཏང་ཡོན་ལས་བྱེད་པས་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་ཐོན་སློབ་མར་རོགས་སྐྱོར་བྱེད་པའི་ལམ་སྲོལ་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་ལྷུན་གྲུབ་རྫོང་གི་ཏང་ཡོན་ལས་བྱེད་པ་316གིས་སློབ་ཆེན་སློབ་ཐོན་སློབ་མ་511འགན་གཙང་བླངས་པ་མ་ཟད་རང་འགུལ་ངང་གནད་སྨིན་ལས་ཞུགས་རོགས་སྐྱོར་བྱས་ནས་འབྲེལ་ཡོད་ཁེ་ལས་ལ་འབྲེལ་གཏུག་ཧུར་ཐག་བྱས་པ་དང་། ཆུ་ཁ་བྱང་གྲོང་ཚོའི་མུའུ་1730ཡོད་པའི་ཡུ་གུ་འདེབས་འཛུགས་རྣམ་གྲངས་ལ་རོགས་སྐྱོར་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མང་དུ་བཏང་ནས་གྲོང་ཚོ་དེའི་ཞིང་འབྲོག་མང་ཚོགས་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཏེ་ལག་རྩལ་སྣེ་གཅིག་ལྡན་རྒྱུ་དེ་ཞིང་འབྲོག་མང་ཚོགས་ལས་ཞུགས་ཐུབ་པའི“སེམས་རྣལ་རིལ་བུར”གྱུར་བར་བྱས་པས། “གཞན་བརྟེན་རྣམ་པའི”དབུལ་སྐྱོར་ནས“རང་བརྟེན་རྣམ་པའི”དབུལ་སྐྱོར་བྱེད་སྟངས་ལ་འགྱུར་ཡོད་པ་རེད།

དབུལ་ཕོངས་ལ་འཐབ་རྩོད་བྱེད་པའི་དཔའ་རྒོད་ལ་གྱུར་པ།

ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས“ཆབ་སྲིད་སྣེ་ཁྲིད་དེ་སྟོན་ཕྱོགས་སུ་བྱེད་པ་དང་། མཁར་རྫོང་སྣེ་ཁྲིད་ཀྱིས་རྨང་གཞི་བརྟན་དུ་གཏོང་བ། ཤེས་ལྡན་མི་སྣ་སྣེ་ཁྲིད་ཀྱིས་སྒུལ་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་སྣེ་ཁྲིད་སྦྲེལ་ཐག་ཏུ་བྱེད་པ”བཅས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པའི་ལེགས་ཆ་བཅས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ལེགས་ཆར་བསྒྱུར་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ལེགས་སུ་གཏོང་རྒྱུར་རྩ་འཛུགས་ཀྱི་འགན་ལེན་ཤུགས་ཆེན་བྱས་ཡོད།

སྟག་རྩེ་ཆུས་ཀྱིས་གཞི་རིམ་རྐང་འཛིན་དཔུང་ཁག་འཛུགས་སྐྱོང་འདུ་འགོད་ལག་བསྟར་ཧུར་ཐག་བྱས་ནས་གཞི་རིམ་ལས་དོན་གྱི་སྟོབས་ཤུགས་སྔར་བས་བརྟན་དུ་བཏང་ཡོད། ཆབ་སྲིད་ཀྱི་བྱང་ཚད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། ལས་ཀའི་འཇོན་ཐང་ཆེ་བ། མང་ཚོགས་ཀྱི་ལས་དོན་ལ་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ་བཅས་ཀྱི་རྫོང་དང་ཤང་གི་ཕུལ་བྱུང་ལས་བྱེད་པ་54གྲོང་ཚོར་ལས་ཀ་བྱེད་པར་བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཆེད་བསྐོས་མི་སྣའི་བྱང་ཚད་མཐོར་གཏོང་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པ་དང་། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལྡན་པ། དཀའ་སྤྱད་སྙིང་རུས་ཐུབ་པ་བཅས་ཀྱི་ན་གཞོན་ལས་བྱེད་པ་80ཡིས“1+3”གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཆེད་བསྐོས་མི་སྣའི་འགན་འཁུར་བར་བཏང་བ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་མི་སྣ་19གཞི་རིམ་གྱི་འཐབ་ས་དང་པོར་དབུལ་སྒྲོལ་འགག་སྒྲོལ་དང་གཞི་རིམ་ཏང་རྩ་འཛུགས་སོགས་ཀྱི་ལས་དོན་སྤེལ་བར་བསྡུས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།