ལྷོ་ཁ་གྲོང་ཁྱེར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་གྲོང་ཁྱེར་དེ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་བརྡ་ཁྱབ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་གདེང་ཚོད་བརྟན་དུ་གཏོང་བ་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བ་དང་ནུས་ཆེའི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། སེམས་ནུས་གཅིག་འགྲིལ་གྱིས“འགན་ལེན་དྲུག”གི་ལས་འགན་ལ་དམ་འཛིན་བྱས་ཏེ་གྲོང་མིའི་ལས་ཞུགས་འགན་ལེན་བྱེད་རིང་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་པ་བྱེད་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། གཞི་རྩའི་དམངས་འཚོ་འགན་ལེན་བྱེད་རིང་དབུལ་སྒྲོལ་འགག་སྒྲོལ་གཙོ་བོར་བྱས་པའི་དམངས་འཚོ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ། ཁྲོམ་རའི་བྱེད་པོ་འགན་ལེན་བྱེད་རིང་ཁེ་ལས་འབྲིང་ཆུང་འགག་གནད་ལས་སྒྲོལ་རོགས་ཧུར་ཐག་བྱེད་པ། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་རིང་ཞིང་ལས་ཐོན་སྐྱེད་དང་ཞོར་ཟས་གཙོ་བོ་མཁོ་སྤྲོད་འགན་ལེན་དང་གོང་ཚད་བརྟན་པོ་ཡོང་བར་དམ་འཛིན་བྱེད་པ།

ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བའི་འགན་ལེན་བྱེད་རིང་ཐོན་ལས་འཁོར་འབྲེལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་ཐོན་འབོར་ལ་སླེབས་རྒྱུར་སྐུལ་འདེད་གཏོང་བ། གཞི་རིམ་འཁོར་རྒྱུག་འགན་ལེན་བྱེད་རིང་གཞི་རིམ་སྲིད་གཞུང་གིས་གཞི་རྩའི་དམངས་འཚོ་དང་། གླ་ཆ། འཁོར་རྒྱུག་བཅས་འགན་ལེན་བཅས་བྱས་ཡོད། ཐབས་བརྒྱ་ཇུས་སྟོང་གིས་ཐོན་ལས་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཐོན་ལས་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་ཡོད། བྱ་ཐབས་ནན་པོ་སྤྱད་དེ་རྣམ་གྲངས་མ་འཇོག་ལ་དམ་འཛིན་དང་། དུས་ཚིགས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་གྱི་དུས་ཚོད་ཡག་ཤོས་དམ་འཛིན་ནན་པོ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། བློ་རྩེ་གཅིག་སྒྲིམ་དང་བརྩེ་སེམས་ཟབ་མོས་དམངས་འཚོ་ལེགས་གཏོང་ལ་དམ་འཛིན་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ནུས་པས་ལྕོགས་ཚོད་ཀྱིས་དམངས་འཚོ་ལེགས་གཏོང་བཅས་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད། བསམ་ཕྱོགས་གསར་གཏོད་ཀྱིས་སྒྱུར་བཅོས་སྒོ་དབྱེར་དམ་འཛིན་བྱེད་པ་དང་། རྒྱུན་ཆད་མེད་པར་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད། རྒྱུན་སྲིང་ལྷོད་མེད་ཀྱིས་མཐའ་ཚད་བརྟན་པོ་སྲུང་རྒྱུ་མཐའ་འཁྱོངས་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། “མཐའ་ཚད་གསུམ”ཐོག་མཐའ་བར་གསུམ་དུ་སྲུང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།