ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2019ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་གནས་ཚུལ་རྒྱུན་མཐུད་ངང་ལེགས་པོ་ཡིན་པ་དང་། ས་ཁུལ་ཡོངས་ཀྱི་སྦགས་བཙོག་དངོས་རྫས་ཕྱིར་འབུད་བྱེད་པའི་བསྡོམས་འབོར་དང་ཐོན་ཁུངས་ཟད་གྲོན་གྱི་ཆུ་ཚད་དེ་རྒྱལ་ཁབ་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་ཚོད་འཛིན་བྱས་ཡོད། ས་ཁུལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་ཚད98%ཡན་ཟིན་ཡོད། གཙང་པོ་དང་མཚེའུ་ཡི་བཅད་ངོས་ཀྱི་ཚད་གཞི་ལས་བརྒལ་བ་ལས་གཞན་ལྟ་ཞིབ་ཚད་ལེན་བཅད་ངོས15ཡི་ཆུའི་སྤུས་ཚད་ཚང་མIIརིགས་ཀྱི་ཚད་གཞིར་སླེབས་པའམ་དེ་ལས་ལེགས་པོ་ཡིན་པ་རེད། རྫས་ལུད་དང་ཞིང་སྨན་འཕར་མེད་པ་རྒྱུན་འཁྱོངས་བྱས་པ་དང་། ས་ཁུལ་ཡོངས་ཀྱི་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པ་རྒྱུན་འཁྱོངས་བྱས་ཡོད། 2019ལོའི་ལོ་འཁོར་གྱི་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་ཁྲོད་མངའ་རིས་ས་ཁུལ་ལ་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ།