འདི་ནི་དཔེ་སྟོན་གླིང་ཁུལ་དུ་ལས་བཟོ་བས་འབྲི་ཏ་ས་འཛིན་འཐོག་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ལྕགས་འདམ་ཤང་གི“འོད་གློག+སྐྱེ་ཁམས་སྒྲིག་ཆས་ཞིང་ལས”དབུལ་སྐྱོར་ཐོན་ལས་གླིང་ཁུལ་དུ་ནས་ལས་སྣོན་དང་། སྡོང་ཕྲུག་འདེབས་འཛུགས། ལུག་གསོ་སྤེལ། དྲོད་ཁང་ནང་གི་འཛུགས་གསོ་སོགས་ཐོན་ལས་གཅིག་ཏུ་བསྡུས་ཏེ། ས་གནས་དེའི་ཐོན་ལས་ཚུལ་སྒྱུར་རིམ་སྤར་ལ་སྐུལ་འདེད་དང་། གཅིག་བསྡུས་འཕེལ་རྒྱས་མངོན་འགྱུར་བྱེད་པ། དབུལ་ཐར་མཁྲེགས་གཏོར་ལ་འདེགས་སྐྱོར་བྱེད་པའི་ཐེག་གཟུགས་གལ་ཆེན་ཡིན། མིག་སྔར། གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ཀྱིས་གྲོང་ཁྱེར་ཞིང་ལས་ཞིང་སྡེ་དང་། ནགས་ལས་རྩྭ་ཐང་། ཇོ་རིའི་གྲོང་ཁྱེར་དངུལ་གཏོང་ཚད་ཡོད་ཀུང་སི་སོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་སྙོམས་སྒྲིག་བྱེད་པར་ཤུགས་བསྣན་ནས། དབུལ་ཐར་མཁྲེགས་གཏོར་དང་། ཐོན་ལས་འཕེལ་རྒྱས་སོགས་རྒྱུ་རྐྱེན་ལ་གཞིགས་ནས། གླིང་ཁུལ་གྱི་ཐུན་མོང་མ་ཡིན་པའི་ས་གནས་ཀྱི་ལེགས་ཆ་ཟུང་འབྲེལ་བྱས་པ་བརྒྱུད། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཁ་ཕྱོགས་དང་། བར་སྟོང་བཀོད་སྒྲིག བྱེད་ནུས་ལས་རྣམ་གཏན་ཁེལ་བྱས་ཏེ། སྔར་ཡོད་ཀྱི་རྨང་གཞིའི་སྟེང་སྔར་ལས་ལྷག་པར་དེང་རབས་ཅན་གྱི་སྒྲིག་ཆས་ཞིང་ལས་དང་སྤྲོ་གསེང་གནས་སྐོར་ལྟ་སྐོར་འབུར་དུ་ཐོན་རྒྱུ་དང་། “འོད་གློག+”ལ་བར་སྟོང་འདང་ངེས་བཞག་སྟེ། ནུས་ཤུགས་ཡོད་རྒུས་འཆར་གཞི་ཇུས་འགོད་དང་འཁོར་སྐྱོད་དོ་དམ་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་ནས། གླིང་ཁུལ་དེ་གཞིས་ཀ་རྩེའི་ཆེས་ཆེ་བའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་དུ་བསྐྲུན་རྒྱུ་ཡིན་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཆེས་ཆེ་བའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་སྐྲུན་པར་བརྩོན་ལེན་བྱས།