ཆབ་མདོ་གྲོང་ཁྱེར་གྱིས་སྨན་ཡོན་བསྡོམས་རྩིས་རྣམ་པ་གསར་གཏོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུའུ་ཡིས“གཅིག་འཐུས་རྣམ་པ་དང་གཅིག་རྐྱང་ལམ་ལུགས”ཀྱི་བསྡོམས་རྩིས་རྣམ་པར་སྐུལ་སྤེལ་བཏང་སྟེ། སྔོན་ཆད་ཀྱི་གྲོང་ཁྱེར་རིམ་པའི་དབང་འགན་དེ་ཚན་རིག་དང་མཐུན་པར་རྗོང(ཆུས)རིམ་པ་དང་པོར་གཤམ་གཏོང་བྱས་ཏེ། ཤང(གྲོང་རྡལ)རེ་རེར་སྨན་བཅོས་འགན་བཅོལ་ཆེད་དོན་ལས་བྱེད་པ་རེ་བཀོད་སྒྲིག་བྱས་ཡོད། ཤང(གྲོང་རྡལ)སྨན་བཅོས་ཆེད་དོན་ལས་བྱེད་པས་མང་ཚོགས་ཀྱི་སྨན་ཡོན་འཛིན་ཤོག་གཅིག་སྡུད་བྱས་ཏེ། གཅིག་རྐྱང་ལམ་ལུགས་ཀྱི་བསྡོམས་རྩིས་འཛིན་ཡིག་བྲིས་པ་བརྒྱུད། དུས་ཐོག་ཏུ་རྗོང(ཆུས)སྨན་བཅོས་འགན་སྲུང་ཅུའུ་རུ་སྐྱེལ་ནས་ཐོ་འགོད་དང་བསྡོམས་རྩིས་རྒྱག་རྒྱུ་རེད།

དེ་དང་ཆབས་ཅིག ཆབ་མདོ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས“སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་ཡོན་སྤྲོད་པའི”ལམ་ལུགས་དངོས་འབེབས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བྱ་བའི་གོ་རིམ་ལུགས་མཐུན་ངང་ལེགས་སྒྲིག་བྱས་ལ། འགྲོ་ལུགས་སྒྲུབ་པའི་གོ་རིམ་ཇེ་ཉུང་དུ་བཏང་སྟེ། ལས་སྒྲུབ་ཕན་འབྲས་མཐོར་འདེགས་དང་། འགྲོ་སོང་ཡར་ཞུའི་དུས་འཁོར་ཇེ་ཉུང་དུ་བཏང་། དེ་མིན་སྒེའུ་ཁུང་གི་བསྡོམས་རྩིས་ཞབས་ཞུ་ཐེངས་གཅིག་རང་བཞིན་གྱི་གསལ་བཤད་ལམ་ལུགས་བཙུགས་ཏེ། སྒྲུབ་གཉེར་བྱེད་མཁན་གྱིས་ཐེངས་གཅིག་ལ་རོང་འབྲོག་མང་ཚོགས་ཀྱི་ནད་པར་སྤྲོད་དགོས་པའི་རྒྱུ་ཆ་ཚང་མ་གསལ་བཤད་བྱས།

ཆབ་མདོ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་ཞུས་ཝེ་ཡིས་བཤད་རྒྱུར། མིག་སྔར། ཆབ་མདོ་གྲོང་ཁྱེར་གྱི་ཤང(གྲོང་རྡལ)སོ་སོས་སྔ་གཞུག་ཏུ་སྨན་བཅོས་འགན་བཅོལ་ཆེད་དོན་ལས་བྱེད་པ་དང་རྩིས་ཞུ་ཞབས་ཞུ་ཚབ་སྒྲུབ་གནས་བཙུགས་ནས། གཞི་རིམ་གྱི་དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་རྩིས་ཞུ་དེ་སྨན་བཅོས་འགན་བཅོལ་ཆེད་དོན་མི་སྣས་ཚབ་བྱས་ནས་སྒྲུབ་བཞིན་ཡོད་ལ། “དཀད་ཁག་དང་བར་ཆད་སྲིད་གཞུང་གིས་ཐད་གཅོད་བྱེད་པ་དང་། སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྟེར་བའི”བྱ་བ་དངོས་འབེབས་བྱས། རྗེས་མར་ཆབ་མདོ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུའུ་ཡིས་རྩིས་ཞུ་བྱ་བ་དེ་ཞབས་ཞུའི་ཚོམས་ཆེན་གྱི་ཡུལ་དངོས་ནས་བསྡོམས་རྩིས་རྒྱག་པ་ནས་དྲ་ཐོག་ནས་ཞིབ་བཤེར་གཏོང་སྤྲོད་བྱེད་པར་བསྒྱུར་རྒྱུ་ཡིན་ལ། སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་ལས་དོན་གྱི་དུས་འཁོར་སྔར་ལས་ཇེ་ཐུང་དུ་བཏང་ནས། མཇུག་མཐར“རྩིས་ཞུ་དཀའ་བ་དང་རྩིས་ཞུ་འགོར་བའི”དཀའ་གནད་ཐག་གཅོད་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།