གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཕོངས་ས་ཁུལ་གྱི་ངལ་ནུས་སྤོ་སྒྱུར་བྱ་བར་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། ངལ་ནུས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་ནི་གྲོང་ཁྱེར་དང་ཞིང་སྡེ་འཕེལ་རྒྱས་གཅིག་གྱུར་བྱེད་པ་དང་། རྩ་བའི་སྟེང་ནས་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན། ད་ལོའི་རིང་ལ། བསམ་འགྲུབ་རྩེ་ཆུས་ཡིས“མི་གཅིག་ལས་ཞུགས་བྱས་ན་ཁྱིམ་ཚང་གཅིག་དབུལ་ཐར་བྱེད་པའི”བྱ་བའི་འདུ་ཤེས་ལྟར། བྱེད་ཐབས་མང་པོས་ཞིང་བའི་ལས་ཞུགས་སྤོ་སྒྱུར་དང་ཞིང་བའི་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་བྱ་བར་དམིགས་ཏེ། བྱེད་ཐབས་དྲུག་དངོས་འབེབས་གང་ལེགས་བྱས་པ་དང་། ལས་ཞུགས་སྤོ་སྒྱུར་གྱི་ལས་དོན་སོ་སོར་ནན་ཏན་གྱིས་སྐུལ་འདེད་བཏང་སྟེ། མང་ཚོགས་བརྟན་རླིང་ངང་དབུལ་ཐར་བྱེད་པ་དང་བསྟུད་མར་ཡོང་སྒོ་འཕར་སྣོན་བྱེད་པ་བཅས་ལ་རྨང་གཞི་ཡག་པོ་བཏིང་།

མིག་སྔའི་བར་དུ། བསམ་འགྲུབ་རྩེ་ཆུས་ཀྱིས་བསྡོམས་པས་མང་ཚོགས10825ལས་ཞུགས་སྤོ་སྒྱུར་བྱེད་པར་རྩ་འཛུགས་བྱས་ཤིང་། ཡོང་སྒོ་སྒོར་ཁྲི5490སྐྲུན་ཡོད། སོ་སོར་ལོ་འཁོར་དམིགས་འབེན་གྱི51.5%དང21.1%ལེགས་འགྲུབ་བྱས་ཡོད། བསྡོམས་པས་ལག་རྩལ་གསོ་སྦྱོང་མི་སྣ1146རྩ་འཛུགས་བྱས་ཏེ་ལོ་འཁོར་དམིགས་འབེན་ལས་འགན་གྱི64%ལེགས་འགྲུབ་བྱས། མི3488རྩ་འཛུགས་ཡོད་པའི་སྒོ་ནས་ཕྱིར་གཏོང་བྱས་ཤིང་། ཕྱིར་གཏོང་སྤྱིའི་མི་གྲངས་ཀྱི32.2%བཅས་ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།