ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ལ་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་བྱས་ཏེ། གཞུང་ལམ་དྲ་རྒྱའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བས་གཞུང་ལམ་འགྲིམ་འགྲུལ་གོང་འཕེལ་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། སྤྱི་ལོ2019ལོར་ལྗོངས་ཡོངས་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་ཚོ10ལས་བརྒལ་ཡོད་པར་ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར280ལྷག་ཙམ་བཏང་ཡོད།
སྤྱི་ལོ2019ལོར་བོད་ལྗོངས་ཀྱིས་གཞུང་ལམ་འཛུགས་སྐྲུན་དོ་དམ་སྒྲིག་གཞི་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་རང་སྐྱོང་ལྗོངས་གཞུང་ལམ་ལས་གཞིའི་སྤུས་ཚད་དང་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་ཅུད་དང་། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་གཞུང་ལམ་དྲ་བའི་ལྟ་ཞིབ་ཚད་ལེན་དང་འཕྲལ་སྒྲུབ་ལྟེ་གནས། ལག་རྩལ་ཞིབ་དཔྱད་ལྟེ་གནས། སུས་འཇོན་དེ་འགུག་ལྟེ་གནས་བཅས་བཙུགས་པ་དང་། གཞུང་ལམ་འཛུགས་སྐྲུན་དོ་དམ་ཚན་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཐོག་གཞུང་ལམ་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་དོ་དམ་ལྷུ་ཚིགས་འཐུས་སྒོ་ཚང་དུ་བཏང་ཅིང་། ཁྲོམ་རའི་ལམ་སྲོལ་ཧུར་ཐག་འཛུགས་པ་དང་རྒྱལ་ནང་གི་ཇུས་འགོད་དང་ཨར་སྐྲུན་ཁེ་ལས་ཆེ་གྲས་རང་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་རྒྱུར་མཐུན་རྐྱེན་སྦྱར་བ་མ་ཟད། གཙོ་གནད་གཞུང་ལམ་རྣམ་གྲངས་ཁག་ཅིག་གྲོང་ཁྱེར(ས་ཁུལ)ཁག་གི་འགྲིམ་འགྲིལ་སྐྱེལ་འདྲེན་ཅུད་ལ་སྐྲུན་འགན་སྤྲད་པ་རེད། དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་གཞུང་ལམ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཡོངས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་ཏུ་བཏང་ནས། ཡིད་རྟོན་དཔྱད་བརྗོད་བྱས་འབྲས་དེ་རྣམ་གྲངས་ཀྱི་སུས་འཇོན་དེ་འགུག་སོགས་ཀྱི་ལས་དོན་ཁྲོད་བེད་སྤྱོད་བྱས་པས། འཐུས་སྒོ་ཚང་བའི་གཞུང་ལམ་འཛུགས་སྐྲུན་ཁེ་ལས་ཀྱི་ཡིད་རྟོན་དཔྱད་བརྗོད་མ་ལག་ཅིག་རགས་ཙམ་གྲུབ་པ་དང་། གཞུང་ལམ་འཛུགས་སྐྲུན་གྱི་སྤུས་ཚད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཟོས་ཏེ། གྲ་སྒྲིག་ལས་དོན་དང་སུས་འཇོན་དེ་འགུག རྣམ་གྲངས་འཛུགས་སྐྲུན། ལས་གཞི་ཞིབ་བཤེར་རྩིས་ལེན་སོགས་ཁྲོད་ཀྱི་སྤུས་ཚད་དོ་དམ་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ལས་ཁུངས་དང་ལས་དོན་པའི་སྟབས་བསྟུན་དོ་དམ་ཡིག་ཚགས་དང་མིང་ཐོ་ནག་པོའི་ལམ་ལུགས་བཙུགས་པས་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་སྤུས་ཚད་འགན་སྲུང་ནུས་ལྡན་བྱུང་ཡོད།
གཞན་ཡང་བོད་ལྗོངས་ཀྱིས་གཞུང་ལམ་བདག་སྐྱོང་སྒྲིག་གཞི་དང་འཁོར་རྒྱུགས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བའི་ཐད་གཞུང་ལམ་བདག་སྐྱོང་ཚན་པ་འཐུས་སྒོ་ཚང་དུ་གཏོང་བ་དང་གཞུང་ལམ་བདག་སྐྱོང་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱེད་པ། གཞུང་ལམ་འཕྲལ་སྒྲུབ་ཉེན་སྐྱོབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པ་དང་། གཞུང་ལམ་སྐྱེལ་འདྲེན་སྒྲིག་གཞི་བསྒྱུར་བཅོས་ཐད་གཞུང་ལམ་སྐྱེལ་འདྲེན་དོ་དམ་ལམ་སྲོལ་དང་གཞུང་ལམ་སྐྱེལ་འདྲེན་གྱི་ཁྲོམ་རའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་བྱས་པ་རེད། གཞུང་ལམ་རིང་ཚད་རྒྱུན་མཐུད་རིང་དུ་དང་གཞུང་ལམ་རིམ་པ་རྒྱུན་མཐུད་མཐོ་རུ་ཕྱིན་པ་དང་བསྟུན་ནས། ལྷ་སས་ལྟེ་བ་བྱེད་པ་དང་ཉིང་ཁྲི་དང་ལྷོ་ཁ། གཞིས་རྩེ། ནག་ཆུ། ཆབ་མདོ། མངའ་རིས་སོགས་གྲོང་ཁྱེར(ས་ཁུལ)དང་། གྲེན་ཏུ་དང་གོར་མོ་སོགས་ལྗོངས་ཕྱིའི་གྲོང་ཁྱེར་ལ་ཁྱབ་ཅིང་། གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་ཞིང་མང་ཚོགས་ལ་སྟབས་བདེ་སྐྲུན་པའི་གཞུང་ལམ་སྐྱེལ་འདྲེན་དྲ་བ་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་ནས། གཞུང་ལམ་སྐྱེལ་འདྲེན་ལས་རིགས་དེ་ཉིད་བསྒྱུར་བཅོས་ཁྲོད་གོང་འཕེལ་མགྱོགས་པོ་བྱུང་སྟེ་སྐྱེལ་འདྲེན་སྟོབས་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གོང་འཕེལ་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ།