ཉིང་ཁྲིས་ཡིད་རྟོན་སྙན་ཞུ་འཚོལ་བཤེར་གྱི་སྒྲིག་ཆས་བཀོད་སྒྲིག་གང་ལེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་།  མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཡན་ལག་དངུལ་ཁང་གིས།  དམངས་ཀྱི་ཆེད་དུ་ཡིད་རྟོན་གྲོས་འདྲིའི་ཞབས་ཞུ་སྒྲུབ་པའི་འདུ་ཤེས་རྒྱུན་འཁྱོངས་ངང་།  ཡིད་རྟོན་སྙན་ཞུ་འཚོལ་བཤེར་གྱི་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ།  གྲོང་ཁྱེར་དང་གྲོང་གསེབ།  ལྷག་པར་དུ་མཐའ་མཚམས་ཁུལ་གྱི་མང་ཚོགས་ཚོར་རང་གི་ཡིད་རྟོན་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དེ་དམངས་ཀྱི་དཀའ་གནད་སེལ་བའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཏུ་རྩིས་ནས།  གྲོང་ཁྱེར་དང་རྫོང་།  གྲོང་རྡལ་བཅས་རིམ་གསུམ་གྱི་ཡིད་རྟོན་སྙན་ཞུའི་རང་འདེམས་དྲ་རྒྱ་བཙུགས་ཡོད། 

སྤྱི་ལོ2020ལོའི་ཟླ་ལྔ་པའི་ཟླ་འགོ་བར།  མི་དམངས་དངུལ་ཁང་ཉིང་ཁྲི་ལྟེ་བའི་ཡན་ལག་དངུལ་ཁང་གིས་ཆུས་གཅིག་དང་རྫོང་དྲུག  ཁྱད་ལྡན་གྲོང་རྡལ་ཆུང་གྲས་གསུམ་བཅས་སུ་སྒེར་གྱི་ཡིད་རྟོན་སྙན་ཞུ་རང་འདེམས་འཚོལ་བཤེར་གྱི་སྒྲིག་ཆས18བཀོད་སྒྲིག་བྱས་པས།  རྫོང་དུ་རང་འདེམས་འཚོལ་བཤེར་སྒྲིག་ཆས་ཁྱོན་ཡོངས་ལ་ཁྱབ་པ་དང་ཁྱད་ལྡན་གྲོང་རྡལ་ཆུང་གྲས་སུ་རང་འདེམས་འཚོལ་བཤེར་སྒྲིག་ཆས་བཀོད་སྒྲིག་གི་དམིགས་ཚད་གསུམ་སྒྲུབ་ཐུབ་པ་བྱས་པས།  ཉིང་ཁྲི་གྲོང་ཁྱེར་དུ་མི་རེས་ཆ་སྙོམས་རང་འདེམས་འཚོལ་བཤེར་སྒྲིག་ཆས་སྤྱོད་ཚད་དེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་མདུན་གྲལ་དུ་སླེབས་པ་དང་།  ཐག་རིང་རྫོང་གི་མང་ཚོགས་ཚོའི་སྒེར་གྱི་ཡིད་རྟོན་སྙན་ཞུ་འཚོལ་བཤེར་དཀའ་བ་སོགས་ཀྱི་གནད་དོན་སྤྱིར་ན་ཐག་གཅོད་ཐུབ་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།