ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་རྒྱས་སྐྲུན་བསྒྱུར་བཀོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་ལས་གཞི་སོ་སོ་བདེ་བླག་ངང་སྤེལ་བཞིན་ཡོད། རྣམ་གྲངས་འདིའི་འགྲེམ་སྟོན་ཁང་གསར་བའི་སྒྲིག་གཞི་གཙོ་བོ་ཡོངས་སུ་ལེགས་འགྲུབ་བྱུང་རྗེས་ད་ལོའི་ཟླ2པར་སྔ་གཞུག་ཏུ་ལས་ཐོན་བསྐྱར་ཚུགས་ལས་དོན་སྤེལ་བ་ཡིན་ཞིང་། མིག་སྔར་ཡུལ་དངོས་སུ་ཞོར་ལས་བ300ལྷག་གིས་ལས་གཞི་ལག་བསྟར་བྱེད་བཞིན་པའི་སྒང་ཡིན།
རྒྱུས་ལོན་པ་ལྟར་ན། བོད་ལྗོངས་དངོས་བཤམས་སྟོན་ཁང་གི་རྒྱས་སྐྲུན་བསྒྱུར་བཀོད་ལས་གཞིའི་སྤྱི་ཡོངས་ཀྱི་འཛུགས་སྐྲུན་དེ་ད་ལོའི་ཟླ6པའི་ཟླ་མཇུག་སྔོན་དུ་ལེགས་འགྲུབ་འབྱུང་རྒྱུ་དང་། རྒྱས་སྐྲུན་བསྒྱུར་བཀོད་ལེགས་འགྲུབ་འབྱུང་རྗེས་ཀྱི་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དེ2021ལོར་ཕྱི་རོལ་ལ་སྒོ་འབྱེད་རྒྱུ་རེད།
ལས་གཞིའི་ལག་བསྟར་ཡུལ་དངོས་སུ། གྱང་རྡོའི་རྒྱུ་ཆ་སྒྲིག་སྦྱོར་དང་། གཞུང་ལས་ཁུལ་སྒྲིག་བཟོ། དྲོད་སྙོམས་འཕྲུལ་ཆས་དང་རླུང་རྒྱུ་དུ་བཤེར་སྒྲིག་ཆས། འཕྲུལ་གློག་སྒྲིག་སྦྱོར་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད། འཕྲུལ་གློག་སྒྲིག་ཆས་སོ་སོ་དང་། མེ་ཟོན་མདོང་ལམ་དང་ལྕགས་མདོང་། གསེར་ཏོག་རྒྱུ་ཆ། སྒྲིག་སྦྱོར་རྒྱུ་ཆ། ཧ་ཡང་གི་པང་ལེབ་རྐྱང་བ་དང་། ཤེལ་སྒོ། སྒེའུ་ཁུང་གི་ཧ་ཡང་རྒྱུ་ཆ་སོགས་བཟོ་སྐྲུན་རྒྱུ་ཆ་གཅིག་རྗེས་གཉིས་མཐུད་ངང་སྒྲིག་སྦྱོར་བྱེད་བཞིན་པ་བཅས་ནི་གསར་འགོད་པའི་མཐོང་བའི་གནས་ཚུལ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་རྒྱས་སྐྲུན་བསྒྱུར་བཀོད་ལས་གཞི་སོ་སོ་བདེ་བླག་ངང་སྤེལ་བཞིན་ཡོད།