བོད་ལྗོངས་མི་རིགས་སློབ་ཆེན་གྱི་རི་ཁུལ་ཕྱི་རོལ་ལུས་རྩལ་སློབ་གླིང་ལྷ་ས་ནས་སྒོ་བྱང་བཀལ་ཏེ་དངོས་སུ་བཙུགས་པ།

7068083443622324643.jpg

འདི་ནི་ཟླ6པའི་ཚེས1ཉིན་བོད་ལྗོངས་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཉི་མ་ཚེ་རིང(གཡས)དང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་གཙོ་ལིག་ཁའེ་གཉིས་ཀྱིས་མཉམ་དུ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རི་ཁུལ་ཕྱི་རོལ་ལུས་རྩལ་སློབ་གླིང་ལ་སྒོ་བྱང་འགེལ་བའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལུས་རྩལ་ཅུའུ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་མཉམ་དུ་འཛུགས་སྐྲུན་བྱས་པའི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རི་ཁུལ་ཕྱི་རོལ་ལུས་རྩལ་སློབ་གླིང་ལ་མཉམ་ལས་གྲོས་མཐུན་འགོད་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་ས་ནས་བསྡུས་པ་རེད།

ཡུལ་དངོས་སུ་བོད་ལྗོངས་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཉི་མ་ཚེ་རིང་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་གཙོ་ལིག་ཁའེ་གཉིས་ཀྱིས་མཉམ་དུ《བོད་ལྗོངས་ལུས་རྩལ་ཅུའུ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་མཉམ་དུ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རི་ཁུལ་ཕྱི་རོལ་ལུས་རྩལ་སློབ་གླིང་འཛུགས་སྐྲུན་བྱེད་པའི་མཉམ་ལས་གྲོས་ཡིག》སྟེང་མིང་ཐོ་བཀོད་པ་མ་ཟད། བོད་ལྗོངས་མི་རིགས་སློབ་ཆེན་གྱི་རི་ཁུལ་ཕྱི་རོལ་ལུས་རྩལ་སློབ་གླིང་ལ་སྒོ་བྱང་བཀལ་བ་རེད།

བོད་ལྗོངས་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཀྲང་མིན་ཞིན་གྱིས་སྒོ་བྱང་འགེལ་བའི་མཛད་སྒོ་སྟེང་བཤད་རྒྱུར།《བོད་ལྗོངས་ལུས་རྩལ་ཅུའུ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་མཉམ་དུ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རི་ཁུལ་ཕྱི་རོལ་ལུས་རྩལ་སློབ་གླིང་འཛུགས་སྐྲུན་བྱེད་པའི་མཉམ་ལས་གྲོས་ཡིག》ལ་མིང་ཐོ་བཀོད་པ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རི་ཁུལ་ཕྱི་རོལ་ལུས་རྩལ་སློབ་གླིང་ལ་སྒོ་བྱང་བཀལ་བ་ནི་བོད་ལྗོངས་ལུས་རྩལ་ཅུའུ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་བོད་ལྗོངས་ཀྱི་རི་ཁུལ་ཕྱི་རོལ་ལུས་རྩལ་ལ་དམིགས་ཏེ་ཕྱོགས་ཡོངས་དང་རིམ་པ་ཟབ་མོའི་སྒོ་ནས་སློབ་ཁྲིད་དང་སྦྱོང་བརྡར། ཚན་རིག་ཞིབ་འཇུག་མཉམ་ལས་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ཟེར།

ཀྲང་མིན་ཞིན་གྱིས་བཤད་རྒྱུར། མཉམ་དུ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རི་ཁུལ་ཕྱི་རོལ་ལུས་རྩལ་སློབ་གླིང་འཛུགས་སྐྲུན་བྱས་པར་བོད་ལྗོངས་ཀྱི་རི་ཁུལ་ཕྱི་རོལ་ལུས་རྩལ་འཇོན་མིའི་སྐྱེད་སྲིང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྱད་ལྡན་ཕུལ་བྱུང་ལུས་རྩལ་སློབ་ཚན་འཛུགས་སྐྲུན་བྱེད་པ། ཆུ་ཚད་མཐོ་བའི་རི་ཁུལ་ཕྱི་རོལ་ལུས་རྩལ་འཇོན་མི་སྐྱེད་སྲིང་བྱེད་པ། ལུས་རྩལ་ཐོན་ལས་དེ་དབུལ་ཐར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲེིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་ཀྱི་ཕན་ནུས་སྲ་བརྟན་དང་མཐོར་འདེགས་གཏོང་བ། དེ་མིན་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ་དང་། བོད་ལྗོངས་ཀྱིས་ལུས་རྩལ་སྟོབས་ལྡན་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱོགས་ནས་དོན་སྙིང་གལ་ཆེན་ལྡན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།