བོད་ལྗོངས་ཀྱིས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་རྒྱུན་ལྡན་ཐོན་སྐྱེད་སླར་གསོ་བྱེད་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ།  རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུད་ཀྱིས་བརྟན་པོ་དྲུག་དང་འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ་བྱས་ཏེ།  ལས་ཤོར་འགན་བཅོལ་མ་དངུལ་ཁྲོད་ནས་ལས་གནས་བརྟན་གཏོང་དངུལ་ཕྱིར་སློག་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་།  ཁེ་ལས་ཀྱི་དཀའ་ངལ་སེལ་རྒྱུར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་རྒྱུན་ལྡན་ཐོན་སྐྱེད་སླར་གསོ་བྱེད་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།  

ཉེ་དུས།  ལས་མི་མང་པོ་བསྡུ་མཁན་ཁེ་ལས66ལ་ཁག་གཉིས་པའི་ལས་གནས་བརྟན་གཏོང་དངུལ་ཁྲི་ཚོ1902ཕྱིར་སློག་བྱས་ཡོད།  སྤྱི་ཟླ་ལྔ་པའི་ཚེས27ཉིན་བར་ལྗོངས་ཡོངས་སུ་ལས་གནས་བརྟན་གཏོང་དངུལ་ཕྱིར་སློག་བྱས་པ་བརྒྱུད།  ལས་ཞུགས་ལས་གནས་ཁྲི1.8བརྟན་པོ་བྱུང་ཡོད་པ་དང་མ་དངུལ་གཤམ་སྤྲོད་བྱེད་ཚད་ཁྲི་ཚོ1668ཟིན་ཡོད།   

ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུད་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས།  གོམ་སྟབས་རྗེས་མར་ང་ཚོས་ཆ་འཕྲིན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ།  ལས་གནས་བརྟན་གཏོང་དངུལ་ཕྱིར་སློག་བྱེད་པའི་ལས་སྒོའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་།  དུས་གཅིག་ཏུ་དྲ་ཐོག་དང་ས་གནས་ས་ཐོག་ནས་རེ་ཞུ་དང་ཞིབ་དཔྱད།  སློག་སྤྲོད་བཅས་བྱེད་རྒྱུ་སྔ་ཙམ་མངོན་འགྱུར་ཐུབ་པ།  ཚད་གཞི་མཐོ་ཤོས་ཐོག་ནས་ཁེ་ལས་ཀྱི་འཁུར་པོ་ཡང་དུ་བཏང་སྟེ་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་གཏོང་དངུལ་ཕྱིར་སློག་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱི་ཐོག་ནས།  ཁེ་ལས་ཀྱི་དཀའ་གནད་སེལ་རོགས་བྱེད་པ་དང་ཁེ་ལས་གང་མགྱོགས་དཀའ་ངལ་ལས་གྲོལ་ཏེ་ལས་ཞུགས་ལས་གནས་བརྟན་པོ་ཡོང་བ་བྱེད་རྒྱུ་རེད་ཅེས་བཤད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།