​བོད་ལྗོངས་ཀྱིས་ཕྱོགས་མིའི་ཡིག་ཚགས་གློག་རྡུལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་མིའི་མི་དོན་ཡིག་ཚགས་དོ་དམ་ཞབས་ཞུའི་ལས་དོན་སྔར་བས་ཡག་པོ་སྒྲུབ་སྟེ།  མི་དོན་ཡིག་ཚགས་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་ཆེད།  རང་སྐྱོང་ལྗོངས་མི་སྤྱི་ཁྲོམ་རས་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པའི་ཚད་ལྡན་ཅན་གྱི་ཡིག་ཚགས་ཁང་མགྱོགས་པོ་སྐྲུན་ནས།  ཕྱོགས་མིའི་ཡིག་ཚགས་གློག་རྡུལ་ཅན་འགྱུར་རྒྱུར་རྒྱུན་མཐུད་སྐུལ་སྤེལ་བཏང་ཡོད།  དེང་སྐབས་བོད་ལྗོངས་སུ་གནས་སྡོད་བྱེད་མཁན་ཕྱོགས་མིས་བོད་ལྗོངས་མི་སྤྱི་ཁྲོམ་རའི་འཕྲིན་ཕྲན་ཞབས་ཞུའི་ཨང་རྟགས་བརྒྱུད།  རང་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བཀོད་ཚེ་མི་དོན་ཡིག་ཚགས་ཉར་ས་དང་བརྒྱུད་སྤྲོད་ཆ་འཕྲིན་འཚོལ་ཆོག

ཤེས་རྟོགས་བྱུང་བར་གཞིགས་ན།  ད་བར་བོད་ལྗོངས་ཀྱིས་ཕྱོགས་མིའི་མི་དོན་ཡིག་ཚགས་ཁྲི1.5ལྷག་ཙམ་གློག་རྡུལ་ཅན་དུ་འགྱུར་བ་དང་།  བོད་ལྗོངས་སུ་གནས་སྡོད་བྱེད་མཁན་གྱི་ཕྱོགས་མིས་བོད་ལྗོངས་མི་སྤྱི་ཁྲོམ་རའི་འཕྲིན་ཕྲན་སྤྱི་སྟེགས་བརྒྱུད་སྒེར་གྱི་ཡིག་ཚགས་འཚོལ་ཆོག་པ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།