ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས“བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་བསྒྲུབས་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ནས། ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་སྲུང་གི་མ་དངུལ་ཕྱིར་སློག་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེགས་དང་རོགས་རམ་འོག་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་། མདུན་ཕྱོགས་སུ་འགན་ལེན། ཁེ་ལས་ཀྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ། ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁེ་ལས་རྒྱུན་གཏན་ལྟར་ཐོན་སྐྱེད་སླར་གསོ་ཡོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་རེད།
རྒྱུས་ལོན་བྱུང་བར་གཞིགས་ན། ལས་ཞུགས་ཀྱི་ལས་གནས་མཁོ་འདོན་ཅུང་བྱེད་མང་བའི་ཁེ་ལས66ལ་ཁག་གཉིས་པའི་ལས་གནས་བརྟན་སྲུང་གི་ཕྱིར་སློག་མ་དངུལ་སྒོར་ཁྲི་1402.35སྤྲད་ཅིང་། ཟླ5ཚེས27ཉིན་བར། ལྗོངས་ཡོངས་ཀྱིས་ལས་གནས་བརྟན་སྲུང་གི་ཕྱིར་སློག་མ་དངུལ་སྤྲོད་པའི་ཐབས་ལམ་བརྒྱུད། ལས་ཞུགས་ལས་གནས་ཁྲི་1.8བརྟན་པོ་ཡོང་བར་བྱས་པ་དང་། མ་དངུལ་བསྡོམས་སྒོར་ཁྲི་1668.25ཟིན་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱིས་ཁེ་ལས་དཀའ་ངལ་ལས་སྒྲོལ་རོགས་བྱས་ཏེ་ལས་ཞུགས་བརྟན་པོ་ཡོང་བར་བྱས་པ།