ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་ལྗོངས་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2019ལོར་ལྷ་ས་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཆ་སྙོམས་སུ་རིམ་པ་དེ་གའི་འཛུགས་སྐྲུན་ཚད་གཞི་ལས་མཐོ་བའི་མཇུག་འབྲས་ལ་དཔྱད་ཞིབ་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་རིམ་པ་གསུམ་པའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང་ཡོངས་སུ་ཁྱབ་པའི་གྲོང་ཁྱེར་ཐོག་མ་རུ་གྱུར་ཡོད་དེ། རྗེས་མར་གྲོང་ཁྱེར་ཧྲིལ་བོ་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་།
རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལྷ་སའི་ཞིང་ལས་ཐོན་རྫས་བདེ་འཇགས་ཞིབ་བཤེར་ཚད་ལེན་ཚད་ལྡན་ཡིན་ཚད97%རྒྱུན་འཁྱོངས་བྱས་ཡོད་ཅིང་། མིག་སྔའི་བར་དུ། ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་གནོད་མེད་དང་། ལྗང་མདོག སྐྱེ་ལྡན། ས་གཤིས་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས116ར་སྤྲོད་བྱས་ཡོད། སྔ་རྗེས་ཀྱི་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོང་འདུས་དང་ལྗང་མདོག་སྐྱེ་ལྡན་ཟས་རིགས་དངོས་མང་སྟོན་ཚོགས་སྟེང་བྱ་དགའ་ཐེངས་མང་པོ་ཐོབ་ནས། ལྷ་སའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་མིང་བྱང་དྲིལ་བསྒྲགས་བྱས་པ་མ་ཟད། ལྷ་སའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་མཐོ་སྒང་གི་སྤུས་ལེགས་གཟུགས་བརྙན་འགྲེམ་སྟོན་བྱས་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ལྷ་ས་གྲོང་ཁྱེར་གྱིས་ལྗང་མདོག་སོགས་མཚོན་རྟགས་ཞིང་ལས་ཐོན་རྫས116ར་སྤྲོད་བྱས།