ཟླ1པོ་ནས་ཟླ4བའི་བར་བོད་ལྗོངས་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་དངུལ་གཏོང་སྒོར་དུང་ཕྱུར40.47ལེགས་འགྲུབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་ལྗོངས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2020ལོར་ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གནོད་མེད་ཅན་དུ་བསྒྱུར་བའི་སྒྲིག་ཆས་དང་། གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་ཆས། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་རྣམ་གྲངས། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞི། ས་ཁང་བདག་ཁོངས་གསར་སྤེལ། བོད་ལྗོངས་ཀྱི་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་བཅས་རྣམ་གྲངས་རིགས་ཆེན་པོ6གི་རྣམ་གྲངས་བཀོད་སྒྲིག་བྱས་ཏེ། འཆར་གཞི་ལྟར་ན་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར161.67གཏོང་རྒྱུ་རེད། ཟླ4བའི་ཟླ་མཇུག་བར་དུ་དངུལ་གཏོང་སྒོར་དུང་ཕྱུར40.47ལེགས་འགྲུབ་བྱས་ཏེ2020ལོའི་དངུལ་གཏོང་འཆར་གཞིའི25%ཟིན་ནས་དུས་མཉམ་ལས36%འཕར་ཡོད།

 ད་ལོའི་རིང་བོད་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས“བརྟན་རླིང་དྲུག”གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་ཡོད། “འགན་སྲུང་དྲུག”གི་ལས་འགན་དངོས་འབེབས་མཐའ་གཅིག་ཏུ་བྱས་ཏེ། རིམས་ནད་ལས་བྱུང་བའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མེད་པར་བཟོས་བ་དང་། བཟོ་སྐྲུན་ལས་རིགས་དང་། ས་ཁང་ཐོན་ལས། གྲོང་ཁྱེར་དོ་དམ་གྱི་སྤྱི་བའི་ཞབས་ཞུའི་ལས་རིགས་བཅས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་གོང་དུ་འཕེལ་བར་སྐུལ་འདེད་བརྟན་པོ་བཏང་། ཟླ4བའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས480ལྷག་ལས་འགོ་བསྐྱར་ཚུགས་ཀྱི་གནམ་གཤིས་ཆ་རྐྱེན་འཛོམས་པའི་རྣམ་གྲངས་ཚང་མ་ལས་འགོ་བསྐྱར་ཚུགས་བྱས་ཡོད། ལས་ཞུགས་བརྟན་པོ་ཡོང་བའི་བྱ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། ལྗོངས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་གྱིས་རང་འགུལ་ངང་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁེ་ལས་སྟོང་ཙམ་དང་འབྲེལ་མཐུད་བྱས་ནས་ལས་གཞིའི་རྩད་ཞིབ་ཇུས་འགོད་དང་། ལས་བསྟར་དོ་དམ། རྣམ་གྲངས་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་གནས་1988དངོས་འབེབས་བྱས་པ་དང་། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། ཡུལ་སྐོར་འཕེལ་རྒྱས། ཚོང་དོན་བཅས་ལས་ཁུངས་དང་མཉམ་དུ་ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་། ཡུལ་སྐོར། ཚོང་དོན་ཁྱབ་ཁོངས་བཅས་ཀྱི་ཐེམ་ཁུངས་བོད་ལྗོངས་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མའི་ཆེད་དོན་གདན་ཞུ་ཚོགས་འདུ་སྤེལ་བ་རེད། ཁེ་ལས300ལྷག་གིས་གདན་ཞུའི་ལས་གནས3007མཁོ་འདོན་བྱས་པ་དང་། ཟླ4བའི་ཟླ་མཇུག་བར་སློབ་ཆེན་སློབ་མ62ཀྱིས་གན་རྒྱ་བཞག་ཡོད་པ་རེད། “སྒོ་འབྱེད་དོ་དམ་ཞབས་ཞུ་གསུམ”གྱི་ལས་དོན་ཡག་པོར་སྒྲུབ་པ། ཁེ་ལས་ཀྱི་ཐོབ་ཐང་དང་ལས་གཞི་ལག་བསྟར་ཆོག་འཐུས་སོགས་དྲ་ཐོག་ནས་སྒྲུབ་གཉེར་བྱེད་པར་སྐུལ་འདེད་བཏང་སྟེ། དུས་ཚིགས་དང་པོར་དྲ་ཐོག་ནས་ལས་དོན826སྒྲུབ་གཉེར་བྱས། མ་དངུལ་བརྟན་རླིང་ངང་གཏོང་བའི་ལས་དོན་ཧུར་ཐག་བསྒྲུབས་ནས་དམངས་འཚོར་ཕན་ཐོགས་པ་དང་དམངས་སེམས་དྲོ་བའི་རྣམ་གྲངས་བརྩོན་ལེན་བྱ་རྒྱུའི་རེ་ཞུ་བྱས་ལ། བོད་ལྗོངས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཡར་ཞུ་བྱས་པ་བརྒྱུད་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར377.8བཏང་ནས། གྲོང་ཁྱེར་གྱི་སྒྲིག་ཆས་དང་སྡེ་ཁུལ་རྙིང་བ་བསྒྱུར་བཀོད་རྣམ་གྲངས552ལག་བསྟར་བྱེད་པར་བརྩོན་ལེན་བྱས། གྲོང་ཁྱེར་གྱི་རྒྱུན་གཏན་འཁོར་སྐྱོད་ལ་སྲུང་སྐྱོང་ཧུར་ཐག་བྱས་ནས་རིམ་པ་སོ་སོའི་གྲོང་ཁྱེར་དོ་དམ་སྡེ་ཚན་གྱིས་ཆུའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་ནན་ཏན་བྱེད་པ་དང་། མཁར་གྲོང་གི་ཁོར་ཡུག་གཙང་སྦྲ་ལ་ཤུགས་སྣོན་རྒྱབ་སྟེ། ཁ་ཐུམ་བེད་མེད་སོགས་འཚོ་བའི་གད་སྙིགས་རིགས་འབྱེད་འཚོལ་སྡུད་བྱེད་པར་མཛུབ་ཁྲིད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།