མངའ་རིས་ས་ཁུལ་གྱི“ཆུས་གསུམ་དང་ཁུལ་གསུམ”གྱི་སྤུ་ཧྲེང་གི་ཆན་ཧྥུའུ110གྱི་གློག་འདྲེན་གློག་སྒྱུར་ལས་གཞི་བདེ་བླག་ངང་ལེགས་གྲུབ་ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གློག་རྒྱུན་འདྲེན་སྐུད་མཐའ་མ་དེ་ཁྲིད་འཐེན་འཕྲུལ་ཆས་ཀྱིསP214ལྕགས་སྒྲོམ་སྟེང་འཁྲིད་པ་དང་བསྟུན་ནས་མངའ་རིས་ས་ཁུལ་གྱི“ཆུས་གསུམ་དང་ཁུལ་གསུམ”གྱི་སྤུ་ཧྲེང་གི་ཆན་ཧྥུའུ110གྱི་གློག་འདྲེན་གློག་སྒྱུར་ལས་གཞིའི་གློག་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྤུ་ཧྲེང་གི་ཆན་ཧྥུའུ110གྱི་གློག་འདྲེན་གློག་སྒྱུར་ལས་གཞིའི་གློག་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ་དེ་ནི་མངའ་རིས་ས་ཁུལ་གྱི“ཆུས་གསུམ་དང་ཁུལ་གསུམ”གྱི་ཆན་ཧྥུའུ110གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཁྲོད་ཀྱི་མཐོ་ཚད་ཀྱི་ཧེ་བག་ཆེ་ཤོས་དང་ལེགས་སྒྲུབ་ཟིན་སྔ་ཤོས་ཀྱི་རྣམ་གྲངས་ཤིག་རེད། ལས་གཞི་དེ2019ལོའི་ཟླ4པའི་ཚེས30ཉིན་ལས་འགོ་ཚུགས་པ་དང་ལམ་ཐིག་ཧྲིལ་པོར་ལྕགས་སྒྲོམ238གསར་སྐྲུན་བྱས་པ་དང་ལམ་ཐིག་གི་རིང་ཚད་སྤྱི་ལེ82.827ཟིན་ཡོད་ཅིང་། མ་དངུལ་སྒོར་དུང་ཕྱུར1.18བཏང་ནས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པའི་ཧོ་ནན་ལས་གཞི་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་ཡོད། 

སྤུས་ཚད་དང་གྲངས་འབོར་ལ་འགན་ལེན་ཡོད་པའི་སྒོ་ནས་ལས་གཞི་འཛུགས་སྐྲུན་ལེགས་གྲུབ་ཡོང་ཆེད།  རྒྱལ་ཁབ་གློག་དྲ་མངའ་རིས་གློག་འདོན་ཀུང་སིའི“ཆུས་གསུམ་ཁུལ་གསུམ”གྱི་གློག་དྲ་འཛུགས་སྐྲུན་གྱི་གློག་དྲ་གཙོ་བོའི་རྣམ་གྲངས་པུའུ་ཡིས་ཁོངས་གཏོགས་ཁུལ་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཇུས་འགོད་འབྲེལ་གཏུག་མཐུན་སྦྱོར་ཚོགས་འདུ་ཐེངས་མང་བསྡུས་ཏེ་ཇུས་འགོད་ཨར་ལས་དཔེ་རིས་ཀྱི་འཕེལ་རིམ་ལ་འགན་སྲུང་བྱས། སྤྱིའི་སྒྲུབ་འགན་གཙང་ལེན་སྡེ་ཚན་གྱིས་ལག་རྩལ་གྲོས་མཐུན་གྱི་དངོས་ཟོག་གན་རྒྱ་བཞག་རྗེས། སྒྲིག་ཆས་ཐོན་སྐྱེད་ཀྱི་འཕེལ་རིམ་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱེད་པ་དང་བརྒྱུད་རིམ་གྱི་སྤུས་ཚད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་ཞིབ་བཤེར་ས་ཚིགས་ཀྱི་ཞིབ་དཔྱད་ཚད་ལེན་གྱི་གོ་རིམ་སྒྱུར་བའི་བརྡ་སྦྱོར་བདེ་བླག་ངང་ལེན་ཐུབ་པ། ཡུལ་དངོས་སུ་བདེ་འཇགས་དང་དཔལ་ཡོན་ལྡན་པའི་ངང་ཨར་ལས་བྱ་རྒྱུར་དམ་འཛིན་ནན་མོ་བྱས་ཏེ“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་ཞིབ་བཤེར་ཐེངས་མང་སྤེལ་ནས་ལས་གཞིའི་བདེ་འཇགས་དང་འཕེལ་རིམ་ཐོག་མཐའ་བར་གསུམ་དུ་ཚོད་འཛིན་ཐུབ་པར་འགན་ལེན་བྱས་ཡོད། 

རྒྱལ་ཁབ་གློག་དྲ་མངའ་རིས་གློག་འདོན་ཀུང་སིའི་ལས་གཞིའི་རྣམ་གྲངས་གཙོ་བོ་ཞིག་ཡིན་པའི་ངོས་ནས“ཆུས་གསུམ་དང་ཁུལ་གསུམ”གྱི་སྤུ་ཧྲེང་གི་ཆན་ཧྥུའུ110གྱི་གློག་འདྲེན་གློག་སྒྱུར་ལས་གཞི་བསྐྲུན་ཟིན་རྗེས་སྤུ་ཧྲེང་རྫོང་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྤུས་ཚད་ཧ་ཅང་ལེགས་སུ་འགྲོ་རྒྱུ་དང་། མཐའ་མཚམས་ཉོ་ཚོང་ཁྲོམ་རའི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་འགྲོ་རྒྱུ། སྤུ་ཧྲེང་གནམ་གྲུ་ཐང་གི་རྣམ་གྲངས་ལ་འཆར་གཞི་ལྟར་སྐུལ་འདེད་གཏོང་རྒྱུ་ཡིན་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱིས་ཀྱང་གློག་ཤུགས་དཔལ་ཡོན་ལས་བྱུང་བའི་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།