གཞིས་ཀ་རྩེའི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”བྱ་སྤྱོད་ཀྱིས་མི་ཁྲི3.8ལ་ཕན་ཐོགས་པ།

༡.jpg

འདི་ནི་བོད་ལྗོངས་སྐྱིད་དར་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་བསྐྲུན་པའི་སྐྱིད་དར་ཤར་རྒྱུད་ཀྱི་ཕྱོགས་བསྡུས་ཁྲོམ་ར་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་རྗེས། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་ཚོགས་མིའི་ཁེ་ལས་སྐུལ་སློང་བྱས་ཏེ་ཁ་གཏད་རོགས་སྐྱོར་རྣམ་པའི་ཐོག་ནས་གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ནང་ཞུགས་པ་རེད། ཉེ་བའི་ལོ་ཤས་རིང་ཁེ་ལས་ཁག་གིས་མ་དངུལ་སྒོར་ཁྲི7528.93བཏང་སྟེ་མང་ཚོགས38694ལ་ཕན་པ་ཐོབ་ནས་ས་གནས་དེ་གའི་རོང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། 

༢.jpg

འདི་ནི་བོད་ལྗོངས་སྐྱིད་དར་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་ལས་རིགས་སློབ་གྲྭ་བཙུགས་ནས་ཐང་ག་འབྲི་བཞེངས་ཀྱི་སློབ་ཁྲིད་བྱེད་བཞིན་པ། 

རྒྱུས་ལོན་བྱུང་བར་གཞིགས་ན། 2016ལོར་ཁེ་ལས161གིས་གཞིས་ཀ་རྩེའི་སྲིད་འཛིན་གྲོང་ཚོ391ལ་རོགས་སྐྱོར་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། སློབ་སྐྱོར་སོགས་ཀྱི་ཐད་མ་དངུལ་སྒོར་ཁྲི1700ལྷག་ཙམ་བཏང་། 2017ལོར་ཁེ་ལས་ཁག་གིས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ལ་མ་དངུལ་སྒོར་ཁྲི3577.88བཏང་བ་དང་། དུད་ཚང3542དང་མི12397ལ་ཐད་ཀར་ཕན་པ་ཐོབ་ཡོད། 2018ལོར་ཁེ་ལས160ཡིས་སྲིད་འཛིན་གྲོང་ཚོ160རུ་རོགས་སྐྱོར་བྱེད་སྒོ་སྤེལ་ནས་མ་དངུལ་སྒོར་ཁྲི2181.25བཏང་སྟེ་དུད་ཚང6624དང་མི26297ལ་ཕན་པ་ཐོབ་ཡོད། 2019ལོར་གཞིས་ཀ་རྩེའི་རྫོང་དང་ཆུས10ཡིས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”བྱ་སྤྱོད་དང་དེ་བཞིན་ཐོན་ལས་ཀྱི་ཁེ་སྤོགས་བགོ་བཤའ་བརྒྱབ་པར་བསྡོམས་པས་མ་དངུལ་སྒོར་ཁྲི1549.70བཏང་ནས་དུད་ཚང1873དང་མི8064ལ་ཕན་པ་ཐོབ་ཡོད།

༣.jpg 

བོད་ལྗོངས་ཝང་ཏ་ལམ་ཟམ་ཚད་ཡོད་ཀུང་སིས་པ་སྣམ་རྫོང་དབང་ལྡན་ཤང་ཤར་སྨད་གྲོང་ཚོར་བཞོན་མ་དང་གཟན་རྩྭའི་ཞལ་འདེབས་ཕུལ་བཞིན་པ། 

སྤྱི་ཕན་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། རྩལ་ནུས་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར་སོགས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཁེ་ལས་ཁག་གིས་རང་ངོས་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་རོགས་སྐྱོར་གྲོང་ཚོའི་དགོས་མཁོ་དང་དོན་དངོས་ལ་ཤེས་རྟོགས་གང་ལེགས་བྱས་ཏེ་སྟབས་བསྟུན་སྣ་མང་གི་རོགས་སྐྱོར་བྱས་ནས་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཏན་ཏིག་བྱས།

པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། བོད་ལྗོངས་གཞིས་ཀ་རྩེའི་ཁེ་ལས་ཁག་གིས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཧུར་ཐག་བྱས་ཏེ་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ནས་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རམ་འདེགས་བྱས་ཡོད། 

༤.jpg

བོད་ལྗོངས་གནས་མཆོག་ཁེ་ལས་ཚོགས་པ་ཚད་ཡོད་ཀུང་སིས་ས་སྐྱ་རྫོང་གཞོང་མ་ཤང་སྐྱིད་འདོད་གྲོང་ཚོར་ཞིང་འཕྲུལ་ཡོ་བྱད་འགྲེམས་གཏོང་བྱེད་བཞིན་པ།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁབ་ལེན་པའི་ལོ། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་གིས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི“མཐའ་མའི་འགག་གནད”གི་བྱ་བ་ཡག་པོར་བསྒྲུབས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་འགོ་ཚུགས་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།