ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་བཟོ་ལས་ཁེ་ལས་ལ་ལས་འགོ་བསྐྱར་འཛུཌ་དང་ཐོན་སྐྱེད་སླར་གསོར་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་16གི་ཁྲལ་འཇལ་བས་རིམ་རྩིས་བྱས་ན་འཛིན་ཡིག་གཉེར་བའི་དུད་ཚང་11ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་91.7%ཟིན་པ་དང་། རིམ་རྩིས་བྱས་ན་འཛིན་ཡིག་617གཉེར་བ་དེ་ན་ནིང་གི་དུས་མཚུངས་ལས་92.2%ཟིན་པ། རིམ་རྩིས་བྱས་ན་འཛིན་ཡིག་གཉེར་བའི་དངུལ་འབོར་སྒོར་ཁྲི་26184ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་132.1%ཟིན་པ་བཅས་རེད།

དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ད་དུང“ངོ་ཐུག་མི་དགོས་པའི”ཞབས་ཞུ་རྒྱ་སྐྱེད་དང་། དྲ་ཐོག་ཁྲལ་གཉེར་དང་། དྲ་ཐོག་འདུན་ཞུ་དང་དྲ་ཕྱིར་འཛིན་ཡིག་སྡེབ་སྐྱེལ། དྲ་ཐོག་ནས་ལས་སྒོ་གསོ་སྦྱོང་། ཆ་སྒྲིག་རང་བཞིན་གྱི་ཟུར་ཁྲིད་སོགས་བྱས་ཏེ་ཁྲལ་འཇལ་བར་ཁྱིམ་ནས་མ་དོན་པར་ཁྲལ་འབྲེལ་ལས་སྒོ་ཁག་གཉེར་ཐུབ་སྟེ་ཁོང་ཚོའི་ཁྲལ་འཇལ་བའི་སེམས་ཁྲལ་བསལ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།