ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཐོན་རྫས21རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཐོན་རྫས་ཀྱི་མིང་ཐོ་རུ་བདམས་ཐོན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་ཁེ་ལས3གྱི་དབུལ་སྐྱོར་ཐོན་རྫས21(ལྷ་ས་གྲོང་ཁྱེར་ས་གཙང་ཐོན་ལས་དངུལ་གཏོང་གསར་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་སི་རིགས14དང་། བོད་ལྗོངས་ས་གཙང་འོ་ལས་ཚད་ཡོད་ཀུང་སི་རིགས6། བོད་ལྗོངས་ལྷ་ལྡན་གཙུག་ལག་ཁང་ལྷ་ཆབ་ཁེ་ལས་ཚད་ཡོད་ཀུང་སི་རིགས1)སྙན་ཞུར་ཕུལ་བ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་ཐོ་འགོད་སྙན་སེང་གཏན་ཁེལ་བྱས་པ་བརྒྱུད། སྐོར་གཉིས་པར་གཏན་ཁེལ་བྱས་པའི་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཐོན་རྫས་ཀྱི་མིང་ཐོ་རུ་ཚུད་ཡོད་ཅིང་། ཐོན་ལས་རྣམ་གྲངས་ཀྱིས་བསྡོམས་པས་མི1608ཡི་ཡོང་སྒོ་འཕར་སྣོན་བྱུང་བར་སྣེ་ཁྲིད་བྱས་ཡོད་པ་དང་། ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི226144ལ་སླེབས་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་དབུལ་སྐྱོར་ཐོན་རྫས་གཏན་ཁེལ་བྱ་བ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། སློབ་གསོ་པུའུ། ཞིང་ལས་ཞིང་སྡེ་པུའུ།ཚོང་དོན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི《འཛད་སྤྱོད་དབུལ་སྐྱོར་བྱ་འགུལ་སྤེལ་བ་སྐོར་གྱི་བརྡ་ཐོ》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི《འཛད་སྤྱོད་དབུལ་སྐྱོར་བྱ་འགུལ་ཞིབ་ཚགས་སུ་བཏང་སྟེ་དངོས་འབེབས་བྱེད་པ་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་ལྟར་སྤེལ་བ་ཡིན་ཏེ། དམིགས་ཡུལ་གཙོ་བོ་ནི་དབུལ་ཕོངས་ས་ཁུལ་གྱི་དབུལ་སྐྱོར་ཐོན་རྫས་ཀྱི་ཐབས་ལམ་རྒྱ་བསྐྱེད་པ་དང་། ཚོང་རའི་སྒོ་འབྱེད་པ། ཕན་འབྲས་མཐོར་འདེགས་བཏང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་རོགས་རམ་བྱ་རྒྱུ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁབ་ཕུ་ཐག་ཆོད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་རྒྱུ་དེ་ཡིན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།