བོད་ལྗོངས་ཀྱིས“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི“བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་ལྗོངས་རིག་གནས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཕྱོགས་ཡོངས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་བཟོ་འགོད་ལག་བསྟར་བྱས་ཏེ། ཤུལ་བཞག་རིག་གནས་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་འཚོ་བའི་ཁྲོད་ཕན་ནུས་གལ་ཆེན་ཐོན་པར་དོ་སྣང་བྱ་ཆེད། ཟླ6པའི་ཚེས13ཉིན་ནས་ཚེས18ཉིན་བར། བོད་ལྗོངས་ཀྱིས་ཀྱིས“ཤུལ་བཞག་རྒྱུན་འཛིན་དང་བདེ་ཐང་འཚོ་བ་བརྗོད་བྱ་ཡིན་པའི2020ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི“བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ཁྲོད་ཤུལ་བཞག་རིག་གནས་མི་རེ་རེས་སྲུང་སྐྱོབ་བྱེད་པ་དང་། སྲུང་སྐྱོབ་གྲུབ་འབྲས་མི་རེ་རེས་མཉམ་སྤྱོད་བྱེད་པའི་དམིགས་ཡུལ་ལྟར། དྲ་ཐོག་དྲིལ་བསྒྲགས་དང་འགྲེམ་ཚོང་སོགས་རྣམ་པ་མང་པོ་བརྒྱུད་དེ། ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དེ་ཡོངས་སུ་འགྲེམ་སྟོན་བྱས་ནས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་བོད་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་ཤུལ་བཞག་རིག་གནས་རྒྱུས་ལོན་དང་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་རེད།

བོད་ལྗོངས་ཀྱིས་ད་དུང་རིག་གནས་དང་གནས་སྐོར་པུའུ་ཡི་གཟུགས་འདས་ཤུལ་བཞག་རིག་གནས་སི་དང་ཨ་ལི་དང་། ཅིང་ཏུང་། སུའུ་ཉིང་སོགས་དྲ་ཐོག་ཚོང་དོན་སྟེགས་བུ་དང་མཉམ་འབྲེལ་བྱས་ནས་སྤེལ་བའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རིགས་ཀྱི་ཐོན་རྫས་གཙོར་བྱས་པའི“གཟུགས་འདས་ཤུལ་བཞག་རིག་གནས་ཉོ་སྒྲུབ་དུས་ཆེན”ནང་ཞུགས་ཡོད། ཚོང་ཟོག་ཉོ་སྒྲུབ་དུས་ཆེན་དེ་ཟླ6པའི་ཚེས1ཉིན་ནས་བཟུང་ཕྱིར་ཚོང་བྱེད་འགོ་རྩོམ་རྒྱུ་ཡིན་པ་རེད། མིག་སྔའི་བར་དུ། བོད་ལྗོངས་སུ་བཟོ་ཁང་དང་། ཁེ་ལས། མཉམ་ལས་ཁང་བཅས14ཡི་ཚོང་ཁང18ཐེངས་འདིའི་ཚོང་ཟོག་ཉོ་སྒྲུབ་དུས་ཆེན་ནང་ཞུགས་པར་གཏན་འཁེལ་བྱས་པ་དང་། ཐོན་རྫས་ཀྱི་ནང་དོན་ལ་བོད་སྤོས་དང་། བོད་ཁུག བོད་ཀྱི་གྱོན་ཆས། དེ་མིན་རིག་གནས་གསར་གཏོད་ཀྱི་ཐོན་རྫས་སྐོར་ཞིག་བཅས་འདུས་ཡོད།

དེ་མིན། 2020ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”རིམ་སྤེལ་བྱ་འགུལ་ཁྱབ་སྤེལ་ཐབས་ལམ་སྔར་ལས་རྒྱ་ཆེར་གཏོང་ཆེད། རང་སྐྱོང་ལྗོངས་རིག་གནས་ཐིན་གྱིས་འབྲེལ་ཡོད་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོང་སྡེ་ཚན་དང་མཉམ་དུ“བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས”སོགས་སྐད་འཕྲིན་སྤྱི་རྟགས་ཐོག“བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་པར་ལེན་འགྲེམ་སྟོན”དང་རྟ་རྩལ་འཁྲབ་སྟོན་སོགས་བརྙན་པར་དཔྱད་ཡིག་བཏོན་ཏེ། ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ལ་སྲུང་སྐྱོབ་བྱེད་པའི་གྲུབ་འབྲས་གལ་ཆེན་དྲིལ་བསྒྲགས་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།