ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“རིམ་གསུམ་སྲིད་དོན་ཚོམས་ཆེན”དུ་ཐོ་འགོད་སྐར་ཁུང་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས“རིམ་གསུམ་སྲིད་དོན་ཚོམས་ཆེན”དུ་ཐོ་འགོད་སྐར་ཁུང་དངོས་སུ་བཙུགས་པ་དང་། དེའི་དམིགས་ཡུལ་ནི་ཁེ་ལས་དང་མང་ཚོགས་ལ“ཁྱད་ལྡན་རྣམ་པ”དང“གཅིག་འཐུས་རྣམ་པའི”ལས་ཕྱོད་ཆེ་བའི་ཞབས་འདེགས་གང་ལེགས་ཞུ་རྒྱུ་དེ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི“ཁྲིམས་ཚབ་ཕྱོགས་བསྡུས་སྐར་ཁུང”ལ་ལས་དོན་མི་སྣ་3ཡོད་པ་དང་། འགན་ནུས་དོན་ཚན་ཁག་44སྒྲུབ་ཀྱི་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གོམ་སྟབས་རྗེས་མར་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། ལས་སྒྲུབ་བརྒྱུད་རིམ་ལེགས་སྒྲིག་བྱེད་པ། ལས་ཕྱོད་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྲིད་གཞུང་གི་འགན་ནུས་སྒྱུར་མགྱོགས་སུ་གཏོང་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། གློད་སྡོམ་ཞབས་གསུམ་སྒྱུར་བཅོས་གཏིང་ཟབ་བྱེད་པ། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།