ཁྲེང་ཀོན་ཆུས་ཀྱིས་གཤམ་སྤེལ་ལྔ་དང་སྡེ་ཁུལ་དུ་བཞི་སྐྱེལ་བའི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་འགོ་ཚུགས།

W020200529564613899648.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཉེ་དུས།  སྤྱི་ལོ2020ལོའི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་དབུལ་གྲོལ་འགག་སྒྲོལ་གྱི་དཔེ་སྟོན་སྒྲོག་འགྲེལ་དང་།  དུས་རབས་གསར་པར་ཤེས་དཔལ་ལག་ལེན་བྱེད་པའི་གཤམ་སྤེལ་ལྔ་དང་སྡེ་ཁུལ་དུ་བཞི་སྐྱེལ་བའི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་འགོ་ཚུགས་པ་རེད།

W020200529564613975148.jpg

ཤེས་རྟོགས་བྱུང་བར་གཞིགས་ན།  ཁྲེང་ཀོན་ཆུས་ཀྱིས་སྤྱི་ཟླ་ལྔ་པའི་ཚེས26ཉིན་ནས་འགོ་བཙུགས་ཏེ་དྲིལ་བསྒྲགས་དང་རིག་གནས།  འཕྲོད་བསྟེན།  ཚན་རྩལ།  བཅའ་ཁྲིམས་སོགས་ཚན་པ20སྒྲིག་འཛུགས་བྱས་ནས་དུས་ཡུན་ཉིན8ཀྱི་རིང་གྲོང་གསེབ་དང་སྡེ་ཁུལ་དུ་བསྐྱོད་དེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་རྒྱུ་དང་།  དབུལ་གྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་སྒྲོག་འགྲེལ་གཏིང་ཟབ་བྱེད་རྒྱུ་མ་ཟད།  རིག་གནས་དང་སྨན་བཅོས།  འཕྲོད་བསྟེན།  ཚན་རྩལ།  བཅའ་ཁྲིམས།  དམངས་འཚོའི་སྲིད་ཇུས་སོགས་གྲོང་གསེབ་དང་སྡེ་ཁུལ་དུ་སྐྱལ་ནས།  རྒྱ་ཆེའི་མང་ཚོགས་ཚོས་དེ་དག་ལ་རྒྱུད་མངའ་ཐུབ་པ་ཡང་བྱེད་རྒྱུ་རེད།

W020200529564614057102.jpg

ཁྲེང་ཀོན་ཆུས་དབུལ་གྲོལ་འགག་སྒྲོལ་གྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཟླ་བས།  ད་ཐེངས་ཀྱི་བྱེད་སྒོའི་ནང་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་དང་སྨན་བཅོས་ཞབས་ཞུ།  བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས།  སྲིད་ཇུས་འགྲེལ་བཤད་སོགས་རྣམ་པ་སྣ་ཚོགས་བརྒྱུད།  རྒྱ་ཆེའི་མང་ཚོགས་ཚོའི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཐུབ་རྒྱུ་རེད་ལ།  ཁོང་ཚོའི་སྨན་བཅོས་འཕྲོད་བསྟེན་གྱི་རྒྱུན་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ནས་གཞི་རིམ་གྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་སྔར་བས་སྲ་བརྟན་དུ་འགྲོ་ངེས་ཡིན་པ་མ་ཟད།  ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་ལ་ཡང་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད་ཅེས་བཤད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དཔལ་སྡིངས་གྲོང་ཚོའི་གྲོང་མི་སྐལ་བཟང་གིས།  དེ་ཐེངས་ཀྱི་བྱེད་སྒོ་བརྒྱུད་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་ལ་འགྱུར་ལྡོག་སྔར་ལས་ལྷག་པ་གཏོང་ཐུབ་སོང་བས་ང་ཚོས་ཚན་རིག་རིག་གནས་ཀྱི་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱས་ཏེ།  རིག་གནས་ཡོད་པ་དང་ལག་རྩལ་ཤེས་པ།  བཅའ་ཁྲིམས་སྲུང་བ་བཅས་ཀྱི་ཞིང་འབྲོག་པ་གསར་པ་ཞིག་བྱས་ནས་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།