ནག་ཆུས་སྣང་ཆེན་བཞི་དང་དགའ་ཞེན་བཞི་བྱེད་སྒོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཚན་པས་བསམ་བློའི་ངོས་འཛིན་སྔར་བས་ཁ་གསལ་དང་བཀོད་སྒྲིག་སྔར་བས་ཚགས་ཚུད་པོ།  འགན་འཁྲི་སྔར་བས་ནན་དཀྲིས་བཅས་བྱེད་རྒྱུར་དམ་འཛིན་བྱས་ཏེ།  སྤྱི་ལོ2020ལོའི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད། 

ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཚན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱེད་པ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ་དང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་ཚད་དང་དམ་པོར་བསྟུན་ནས།  བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་དགོས་ངེས་རང་བཞིན་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་པས།  ལས་ཀའི་སྤྱོད་ཚུལ་དང་ཆབ་སྲིད་ཀྱི་སྣང་ཚུལ་བཟང་པོ་ཞིག་ཆགས་ཡོད། 

ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཚན་པས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་དེ།  ཧྲུའུ་ཅིའི་ལས་ཀ་དང་འདུ་ཤེས་འཛིན་སྟངས།  ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ལ་མུ་མཐུད་རྩིས་ནས།  གྲོང་ཁྱེར་དང་རྫོང(ཆུས)  ཤང(གྲོང་རྡལ) གྲོང་ཚོ་ཨུ་ལྷན་བཅས་རིམ་པ་བཞིའི་ཧྲུའུ་ཅིའི་འགན་འཁྲི་ཨང་དང་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་།  གྲོང་ཁྱེར་རིམ་པའི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག  རྫོང(ཆུས)ཁག་དང་ཤང(གྲོང་རྡལ)ཏང་ཨུད་ཀྱི་ཧྲུའུ་ཅི།  ཚན་པ་ཁག་གི་འགན་འཁུར་བས་འགན་འཁུར་ཕོད་པ་དང་རང་འགུལ་བྱས་རྗེས་འཇོག་པ།  འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་བྱས་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་གསོ་ལག་ལེན་བྱེད་སྒོ་དེ་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་བྱེད་པའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ལ་བརྩི་བ་དང་།  ཕྱོགས་གཉིས་ཀ་དམ་འཛིན་དང་ཕྱོགས་གཉིས་ཀར་དམ་འཛིན་ལྷོད་མེད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕན་འབྲས་ཐོན་པ་བྱེད་རྒྱུའི་བླང་བྱ་བཏོན་ཡོད།

ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་འགོ་ཡག་པོ་འཛུགས་པའི་རྨང་གཞིའི་ཐོག  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོར་སྔར་བས་བཀོད་སྒྲིག་བྱས་ཏེ།  རྫོང(ཆུས)ཁག་ཏུ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་འགོ་ཚུགས་རྗེས།  ཤང(གྲོང་རྡལ)དང་གྲོང་ཚོ་ཨུ་ལྷན་དུ་ཡང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་གང་མགྱོགས་སྤེལ་འགོ་ཚུགས་ཐུབ་པ་བྱས་ཏེ།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་རྒྱུའི་བླང་བྱ་བཏོན་པ་དང་ཆབས་ཅིག  གྲོང་ཁྱེར་བྱེད་སྒོ་གཞུང་ལས་ཁང་གིས་གཟའ་འཁོར་རེའི་ལས་ཀའི་དྲན་སྐུལ་ཞེས་པ་གཤམ་སྤེལ་བྱས་ནས།  རྫོང(ཆུས)ཁག་གིས་ལས་དོན་དོན་འཁྱོལ་དམ་འཛིན་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་བྱེད་སྒོ་རྒྱ་ཁྱབ་ཐོག་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།