བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱིར་བཏང་མ་ཡིན་པའི་སྤྱི་ལོ2020ལོར་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་དང་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་མཇུག་ཡག་པོ་བསྡུ་རྒྱུ་མ་ཟད།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བ་བྱེད་པའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཀྱང་སྒྲུབ་ཐུབ་པ་བྱེད་རྒྱུ་རེད། 

རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམ་པས་ལོ་འཁོར་མོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་སྒྲུབ་ཧུར་ཐག་བྱེད་རྒྱུའི་ཐད་གྲོས་བསྡུར་འཁྲུག་པོ་གནང་ནས།  དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མི་གཏོང་བའི་དུས་གཏུག་གི་བསམ་པ་དང་དཀའ་གནད་འགག་སྒྲོལ་གྱི་སྙིང་སྟོབས་ཐོག་ནས་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།  

ད་ལོ་ནི་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགག་རྩའི་ལོ་ཞིག་ཡིན་པ་དང་།  རང་ལྗོངས་གཞི་རིམ་ནས་ཕེབས་པའི་ཞིང་འབྲོག་ཁུལ་གྱི་འཐུས་མི་དང་ཨུ་ཡོན་རྣམ་པས་རྒྱལ་ས་པེ་ཅིང་དུ་ཚོགས་འདུར་ཞུགས་སྐབས།  ཕ་ཡུལ་གྱི་འཕོ་འགྱུར་གླེང་གནང་བ་མ་ཟད་རང་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོའི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མངོན་པར་གནང་ཡོད། 
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་མཚོ་བསྟན་གྱིས་ལོ་འདི་དག་ནང་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  ཚང་མས་མཉམ་དུ་འབད་བརྩོན་བྱས་ཚེ་ད་ལོ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བཤད།   

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནོར་བུ་སྲིད་ཐར་ནས་རང་ལྗོངས་ཀྱིས་མང་ཚོགས་དབུལ་གྲོལ་ཕྱུག་གྱུར་གྱི་གོམ་སྟབས་མགྱོགས་སུ་བཏང་སྟེ།  རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་རྒྱུ་རེད་ཅེས་བཤད། 

རང་རྒྱལ་གྱི་དཔལ་འབྱོར་ནི་དཀའ་ངལ་དང་འགལ་རྐྱེན་ཐ་དག་ཁྲོད་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ།  འགྲན་སློང་ལ་ཁ་གཏད་གཅོག་པའི་ཁྲོད་འཕེལ་རྒྱས་བྱུང་བ་ཞིག་ཀྱང་ཡིན།  འཐུས་མི་དང་ཨུ་ཡོན་རྣམ་པས་དཀའ་ངལ་ཐ་དག་ལས་རྣམ་པར་རྒྱལ་བའི་སྙིང་སྟོབས་འཆང་བ་དང་འགལ་རྐྱེན་ཐ་དག་སེལ་ཏེ།  མདུན་སྐྱོད་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཚེ་ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་སྒྲུབ་ཐུབ་ངེས་རེད་ཅེས་བཤད། 

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབང་འདུས་ཀྱིས།  དེང་སྐབས་རང་རེའི་རྒྱལ་ཁབ་ཀྱི་སྤྱི་ཡོངས་གོང་འཕེལ་ཐད་སྔར་བྱུང་མྱོང་མེད་པའི་ཉེན་ཁ་དང་འགྲན་སློང་འཕྲད་ཡོད་ཀྱང་།  ང་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་དབུ་ཁྲིད་དང་ཐུན་མོང་མ་ཡིན་པའི་ཆབ་སྲིད།  ལམ་ལུགས་ཀྱི་ལེགས་ཆ་བཅས་ལྡན་ཡོད་ཅེས་བཤད། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞུལ་ཧུང་ཀང་ནས་དངོས་སྒྲུབ་ཀྱི་སྙིང་སྟོབས་ཐོག་དོན་འཁྱོལ་བྱེད་པ་དང་།  གསར་གཏོད་ཀྱི་བསམ་ཕྱོགས་ཐོག་ནས་ཏང་གི་དཔལ་འབྱོར་ལས་ཀར་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ནུས་ཆོད་ལ་འགྱུར་བ་བྱས་ཚེ་ལས་དོན་ཡག་པོ་སྒྲུབ་ནས།  རང་རྒྱལ་གྱི་དཔལ་འབྱོར་སྤུས་ལེགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་ངེས་རེད་ཅེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།