དུས་རབས་གསར་པའི་འཕེལ་རྒྱས་ཀྱི་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་།

—— ལྷོ་ཁ་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲིལ་གླེང་།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས“གཏིང་ཟབ”ཐད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། “དོན་འཁྱོལ”ཐད་གནད་སྨིན་ནུས་ལྡན་ཡོང་བར་བྱས་ཏེ། བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས། དུས་རབས་གསར་པར་ལྷོ་ཁ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་གལ་ཆེར་བརྩིས་པ།

འགོ་ཁྲིད་ཀྱིས་མཐོང་ཆེན་དང་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས“ཧྲུའུ་ཅིའི་ལས་གྲྭ”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམ་ཁག་ཧྲུའུ་ཅིས“འགན་འཁུར་བ་དང་པོའི”འགན་འཁྲི་ནན་ཏན་སྒྲུབ་པ་དང་། མདུན་ཕྱོགས་སུ་བཀོད་འདོམས་དང་སྣེ་ཁྲིད་དེ་སྒྲོག་འགྲེལ་བྱས་ནས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྒྲོག་འགྲེལ་དང་། ལས་བྱེད་པ་དང་མང་ཚོགས་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ། མང་ཚོགས་ཀྱིས་རང་མོས་ངང་ཚང་མར་སྒྲོག་འགྲེལ། ཁ་པར་ནས་སྒྲོག་འགྲེལ་སོགས་བྱེད་པའི་སྒྲོག་འགྲེལ་སྤུས་རྟགས་བཏོད་པ་རེད།

རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་གང་སར་ཁྱབ་ཅིང་། མང་ཚོགས་གང་དུ་ཡོད་ན། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་དེ་གར་སྤེལ་བ་རེད། ལྷོ་ཁ་གྲོང་ཁྱེར་དུ“གསར་བརྗེའི་རུ་ཁག་གསུམ”དང་། “བུད་མེད་སྒྲོག་འགྲེལ་ཚོགས་པ” “རྒན་རྒོན་སྒྲོག་འགྲེལ་ཚོགས་པ” “སློབ་གྲྭ་ཆེ་མོ་བའི་སྒྲོག་འགྲེལ་གདོང་ལེན་རུ་ཁག”སོགས་ཕུལ་བྱུང་གི་སྒྲོག་འགྲེལ་རུ་ཁག་ཐོན་པ་དང་། “གཅིག་རེ་དགུ”ཡི་ལས་དོན་སྤེལ་སྟངས་དང“སྣོན་གཉིས་སྦྱོང་གཉིས་རམ་འདེགས་གཅིག”གི་དོ་དམ་རྣམ་པ་སོགས་ཀྱི་བྱེད་སྒོ་སྤེལ་སྟངས་འཚོལ་ཞིབ་བྱས་པ་རེད།

མང་ཚོགས་དང་ཉེ་བཅར་བྱས་ནས་སྤེལ་རེས་གཏིང་ཟབ་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་རང་སྟོབས་ནུས་པ་འདོན་སྤེལ་བྱེད་རྒྱུར་སྣང་ཆེན་བྱས་ཏེ་མང་ཚོགས་ཀྱིས“བྱེད་པོ་གཙོ་བོ”བྱེད་རྒྱུར་སྐུལ་ལྕག་བྱེད་པ་དང་། “སྲོག་ཤིང་ལ་ལྷག་བསམ་རྣམ་དག་བྱེད་པའི་བརྗོད་དོན་གཙོ་བོ་ཕྱོགས་ཏུ་འཛིན་པ”དང་། “མིག་དཔེར་སློབ་སྦྱོང་དང་། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན། མཐའ་མཚམས་སྲུང་བ”“བར་ཐག་མེད་པ་དང་། སྐད་འཕྲིན་ཞབས་ཞུ། ཇ་ཁང་དུ་ཏང་གི་བཀའ་དྲིན་སྐོར་གླེང་བ”སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། “ཏང་གི་བཀའ་དྲིན་མཐའ་མཚམས་ཕྱོགས་སུ་ཁྱབ། མཐའ་མཚམས་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས”“སྣང་ཆེན་བཞི་དང་དགའ་ཞེན་བཞི་ཡིད་ལ་འཆང་། མཐའ་སྲུང་མཐའ་བརྟན་འགན་འཁྲི་ང་ལ་ཡོད”སོགས་ཀྱི་ཁྱད་ལྡན་བྱེད་སྒོ་སྤེལ་ནས། སློབ་གསོ་ལག་ལེན་བྱེད་སྒོའི་ཁྱབ་ཁྱོན་ཆེ་རུ་བཏང་བ་དང་སློབ་གསོ་ལག་ལེན་བྱེད་སྒོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ་རེད།

སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་གཙོ་བོར་བྱས་པ།

དབུལ་སྒྲོལ་འགག་སྒྲོལ་མངོན་གསལ་དོད་དུ་བཏང་ནས་སྒུལ་ཤུགས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྒྲོག་འགྲེལ་སློབ་གསོ་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ཟུང་འབྲེལ་བྱས་ཏེ་བློ་སྐྱོར་དང་རིག་སྐྱོར་མངོན་གསལ་དོད་དུ་གཏོང་བ་དང་། སྒྲོག་འགྲེལ་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། བྱ་ཐབས་དང་ཐབས་ཤེས་ལ་དོ་སྣང་བྱེད་པ། ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་བཅས་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ཕན་པ་སུ་ལ་འདོགས་པ་དང་ཕན་པ་གང་ནས་བྱུང་བ་སྔར་བས་ཤེས་སུ་བཅུག་སྟེ་ཁོང་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་བ་རེད།

གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཏེ་མཛེས་སྡུག་ལྡན་པའི་ལྷོ་ཁ་འཛུགས་སྐྲུན་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)འཐབ་སར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་ཤུགས་ཆེན་དང་ལག་ལེན་ཤུགས་ཆེན་བསྟར་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་ཡ་རབས་སྲོལ་གསར་མང་ཚོགས་ཀྱི་གོམས་གཤིས་སུ་གྱུར་བར་བྱས་པ་རེད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཞབས་འདེགས་ཞུས་ནས་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི”ཆེད་དོན་ལ་དམིགས་ནས་སྐད་འཕྲིན་ལས་སྟེགས་གཙོ་བོར་བྱེད་པ་དང་སྒྲོག་འགྲེལ་མདོར་བསྡུས་ཐབས་ལམ་གཙོ་བོར་བྱས་ཏེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། ལྷོ་ཁ་གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚན་རིག་ཤེས་བྱ་དང་བཅའ་ཁྲིམས་ཤེས་བྱ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་རེད།

སྒྲིག་སྲོལ་དང་ལམ་ལུགས་བཟོ་རྒྱུ་རྩ་བར་འཛིན་པ།

དཔེ་སྟོན་སྣེ་ཁྲིད་ཀྱིས་གསོན་ཤུགས་འཕེལ་བར་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་མང་ཚོགས་རང་བཞིན་གྱི་བསམ་བློའི་སློབ་གསོའི་ལས་དོན་གྱི་བསླབ་གཞི་ཡག་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲ་ནང་རྫོང་གི“ཆུང་བཅུ+དུད་ཚང་དུ་སྐྱོད་པ་གཉིས”དང་། སྣེ་གདོང་ཆུས་ཀྱི“མཉམ་སྦྲེལ་དྲ་རྒྱ་+སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་ཀྱི་སློབ་ཁྲིད་བྱེད་སྟངས་འཚོལ་ཞིབ་བྱས་པ་རེད།

སྒྲིག་སྲོལ་དང་ལམ་ལུགས་བཟོས་ནས་སྒྲུབ་མཁས་པ་དང་སྒྲུབ་ཐུབ་པ་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱིས་ལོ་ལྟར་གྲོན་དངུལ་སྒོར་ཁྲི་100བཏང་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཚད་ལྡན་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)549ཡིས་ལམ་ལུགས་བཟོ་རྒྱུ་གཙོ་བོར་འཛིན་པ་དང་ལམ་ལུགས་བཟོ་བཤིག་མཉམ་དུ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། རང་འགུལ་ངང“རང་ཁ་རང་གསོ་བྱས་ནས་ལས་བརྩོན་ཕྱུག་འགྱུར་བྱེད་པ” ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་བཅས་ཀྱི་ནང་དོན་གྲོང་སྲོལ་དམངས་ཆིངས་དང་། དགོན་པའི་སྒྲིག་སྲོལ། སློབ་གྲྭའི་སྒྲིག་ཁྲིམས་སྒྲིག་སྲོལ་སོགས་སུ་བཅུག་ནས་བྱ་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་བརྟན་དུ་བཏང་བ་རེད།

བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་བཏང་ཞིང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ནས་ལོ་3སོང་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ཁར་མང་ཚོགས་ཀྱི་བྱ་སྤྱོད་དངོས་ནས་མཚོན་པའང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།