འཐུས་མི་ཚེ་རིང་མཚོ་བརྟན་གྱིས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་གསུངས།

655.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཆགས་རྩེ་ཤང་ནགས་ཐུང་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་མཚོ་བརྟན་གྱིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཆབ་སྲིད་ཀྱི་སྙན་གྲགས་དང་ཞབས་ཞུ་ཁོ་ན་མ་ཡིན་པར། དེ་བས་གལ་འགངས་ཆེ་བ་ནི་ཕྲག་སྟེང་དུ་འཁུར་བའི་འགན་འཁྲི་དང་ལས་འགན་དེ་རེད་ཅེས་གསུངས།

ན་ནིང་གི་ཟླ3པའི་ཚེས28ཉིན་པེ་ཅིན་ནས་ཕྱིར་འབྲི་རུ་རྫོང་དུ་ལོག་ནས་ཅུང་མ་འགོར་བར་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་གོ་སྐབས་དང་བསྟུན་ནས་ནས་ཚེ་རིང་མཚོ་བརྟན་གྱིས་གྲོང་ཚོ་དེ་གའི་མང་ཚོགས་ལ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། གྲོང་ཚོ་དེ་གའི་མང་ཚོགས་ཀྱི་བསམ་འདུན་ལ་ཉན། 

གཞི་རིམ་རོང་འབྲོག་ཁུལ་ནས་ཡིན་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཚེ་རིང་མཚོ་བརྟན་གྱིས་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་གསལ་པོར་ཤེས་ཡོད། “‘ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི’བརྗོད་དོན་སློབ་གསོ་སྤེལ་འགོ་ཚུགས་རྗེས། ངས་འཕྲལ་མར་གྲོང་མི་སྒྲིག་འཛུགས་བྱས་ཏེ་ངེད་གྲོང་ཚོའི་བརྗོད་དོན་སློབ་གསོའི་ལས་དོན་ཚོགས་འདུ་བསྡུས་པ་དང་། གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཁོངས་མི་དང་ཏང་ཡོན་སྒྲིག་འཛུགས་བྱས་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ། བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་ནང་དོན་དང་དམིགས་ཚད་བཀོད་སྒྲིག་བྱས་པ་དང་ཆབས་ཅིག་ཏུ་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་ལ་དམ་པོར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་ཡིན”ཞེས་གསུངས།

ཏང་ཡོན་དཀྱུས་མས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ཆེད། ཚེ་རིང་མཚོ་བརྟན་གྱིས་ནགས་ཐུང་གྲོང་ཚོར“འགན་མེད་ཏང་ཡོན”གྱི་ལས་གནས་དང་འགན་འཁྲི་གཏན་འཁེལ་གྱི་བྱེད་སྒོ་སྤེལ་ནས་འགན་མེད་ཏང་ཡོན་ལ“གར་སྟེགས”མཁོ་འདོན་བྱས་ཤིང་། ཏང་ཡོན་གྱིས་དོན་དག་ཆུང་ཙག་ནས་འགོ་བཙུགས་ཏེ་ཚད་གཞི་ལོན་པའི་གུང་ཁྲན་ཏང་ཡོན་ཞིག་ཏུ་འགྱུར་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་ཆབས་ཅིག་ཏུ་གྲོང་ཚོ་དེ་གའི་ཏང་ཡོན་གྱིས་རོགས་རམ་ཞལ་འདེབས་ཀྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་ཁྲིད་བྱས་ནས“ལྔ་སྐྱོང་དུད་ཚང་”དང་དེ་བཞིན་དྭ་ཕྲུག་གི་འཚོ་བའི་ཐད་རོགས་རམ་བྱས་ཏེ་ཁོང་ཚོར་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་དུ་བཅུག་པ་མ་ཟད། ཏང་ཡོན་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དེ་གར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ། བོད་རང་སྐྱོང་ལྗོངས་ཀྱི་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་བླང་བྱ་དང་ཟུང་འབྲེལ་བྱས་ནས་གྲོང་ཚོའི་ནང་རྒྱལ་གཅེས་རིང་ལུགས་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཉུང་གཏོང་བཅས་ཀྱི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་རོང་འབྲོག་མང་ཚོགས་ཀྱི་བརྟན་ལྷིང་སྲུང་བའི་དད་སེམས་སྔར་བས་སྲ་བརྟན་དུ་བཏང་། 

“མ་འོངས་པའི་ལས་དོན་ཁྲོད་ངས་མི་དམངས་ཀྱིས་སྤྲད་པའི་དབང་ཆར་སྔར་བས་གཅེས་སྤྲས་བྱས་ཏེ་རྩ་ཁྲིམས་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། དམངས་འཐུས་ཚོགས་ཆེན་གྱི་འདུ་ཤེས་བཅས་ཇེ་ཟབ་ཏུ་བཏང་ནས་རང་ངོས་ཀྱི་སྤྱི་ཡོངས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། འདྲི་རྩད་དང་རྟོག་ཞིབ་གཏིང་ཟབ་བྱས་ནས་དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་འཚོལ་བསྡུ་བཅས་བྱས་ཏེ་ཐབས་འདོན་ཇུས་འདོན་ཧུར་ཐག་བྱ་རྒྱུ་ཡིན”པ་དང་། མོས་རང་ཉིད་ལ་འགན་འཁྲི་ཡག་པོ་སྒྲུབ་ཐུབ་པའི་གདེང་ཚོད་ཡོད་ལ། མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར“རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི”གཟི་བརྗིད་མཚན་སྙན་དེ་ཕྲག་ཐོག་ཏུ་ཏན་ཏིག་འཁུར་རྒྱུ་ཡིན་ཞེས་གསུངས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།