ཉིང་ཁྲི་གྲོང་ཁྱེར་གྱི་གཙོ་གནད་ལས་གཞི40འཛུགས་སྐྲུན་བྱེད་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས27ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་ནས་རྒྱུས་ལོན་པ་ལྟར་ན། གཙོ་གནད་ལས་གཞིའི་རྣམ་གྲངས40ཚེས26ཉིན་ཉིང་ཁྲི་གྲོང་ཁྱེར་ནས་གཅིག་བསྡུས་ངང་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། ལས་གཞི་དེ་དག་རྨང་གཞི་སྒྲིག་ཆས་དང་། སྤྱི་བའི་ཞབས་ཞུ། རིག་གནས་གནས་སྐོར་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་ཅིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར23.39བཏང་ཡོད་དེ། ཚོད་རྩིས་ལྟར་ན་རོང་འབྲོག་པ4800ལྷག་ལས་ཞུགས་སྤོ་སྒྱུར་བྱས་ཏེ། མང་ཚོགས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར2.34འཕར་སྣོན་བྱུང་བར་སྣེ་ཁྲིད་བྱས།

རྒྱུས་ལོན་པ་ལྟར་ན། རྣམ་གྲངས40ཁྲོད་ཁྲོན་བོད་ལྕགས་ལམ་ལྷ་ཉིང་འབབ་ཚུགས་ཀྱི་གྲོང་ཁྱེར་གྱི་སྤྱི་བའི་རྨང་གཞི་སྒྲིག་ཆས་དང་ཞབས་ཞུ་སྒྲིག་ཆས་ཁ་ཚང་། ཉིང་ཁྲི་གྲོང་ཁྱེར་གྱི་གནས་སྐོར་ཐོན་ལས་འཕེལ་རྒྱས་ལྟེ་གནས། བྲག་ཡབ་ཆུས318རྒྱལ་ལམ་ལམ་རྒྱུད་ཀྱི་གྲོང་ཁྱེར་མཐའ་སྐོར་གྱི་མངའ་ཁོངས་ལྗང་སྒྱུར་སོགས་འདུས་ཡོད་པ་དང་། རྣམ་གྲངས་དེ་དག་གིས་ཉིང་ཁྲི་གྲོང་ཁྱེར་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པར་དོན་སྙིང་གལ་ཆེན་ལྡན།

འདིའི་སྔོན་ལ་ཉིང་ཁྲི་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས51ལས་འགོ་བསྐྱར་ཚུགས་བྱེད་པར་རྩ་འཛུགས་བྱས་ཏེ། ལོ་འདིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར15ལ་སླེབས་ཡོད་པ་དང་། རོང་འབྲོག་པ3000ལྷག་ལས་ཞུགས་སྤོ་སྒྱུར་བྱས་ནས། མང་ཚོགས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར1.5འཕར་སྣོན་བྱུང་བར་སྣེ་ཁྲོད་བྱས་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།