ཀྲུང་དབྱང་སྨྱན་སྦྱོར་གྱིས་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོའི་འགན་ནུས་སྒྲུབ་ཚུལ་ལ་དོ་ཁུར་བྱས་ཏེ་རྒྱུན་མཐུད་གནས་ཚུལ་གཏོང་སྤེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཚོགས་འདུ་གཉིས་རིང་།  ཀྲུང་དབྱང་སྨྱན་སྦྱོར་གྱིས་རྒྱུན་མཐུད་གནས་ཚུལ་གཏོང་སྤེལ་བྱས་ཏེ།  རྒྱ་ཁྱབ་ཐོག་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོའི་འགན་ནུས་སྒྲུབ་ཚུལ་ལ་དོ་ཁུར་དང་།  བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་རྣམ་པ་གསར་པ་ངོ་སྤྲོད་བྱས་ཡོད།

སྤྱི་ཟླ5བའི་ཚེས27ཉིན་པར་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་གི་ཆེད་སྒྲིག་ལེ་ཚན་སྤྱི་ཁྱབ་ཧྲུའུ་ཅིས་དོ་ཁུར་གནང་བའི་དོན་གནད་ཅེས་པའི་ནང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས། རང་ལྗོངས་ཀྱི་འཐུས་མི་ཕུན་ཚོགས་ནས་རང་ལྗོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཟིན་པ་ངོ་སྤྲོད་གནང་བ་མ་ཟད།  དམིགས་བསལ་གྱི་དུས་སྐབས་སུ་དཀའ་ངལ་ཡོད་པའི་འཚོ་བ་ཐ་གྲས་མང་ཚོགས་སྐྱོང་ཤུགས་ཆེ་རུ་གཏོང་དགོས་པའི་སྐོར་གྱི་ཆེད་དོན་བཅར་འདྲི་ཡང་དང་ལེན་གནང་ཡོད།

མི་དམངས་དྲ་བས་ཡི་གེ་དང་པར་རིས་སྦྲགས་མའི་ཐོག་ནས།  རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་དམངས་དོན་ཁྲིམས་གཞུང་འཆར་ཟིན་ལ་གྲོས་བསྡུར་གནང་བ་ཞེས་པ་གཏོང་སྤེལ་བྱས་པ་དང་ཆབས་ཅིག  ཁག་སོ་སོར་ཚོགས་འདུ་གཉིས་ཀྱི་གསུང་སྒྲ་ཞེས་པའི་ལེ་ཚན་ནང་མང་ཚོགས་དབུལ་གྲོལ་བྱུང་བ་དང་འཚོ་བ་ཇེ་ཡག་ཏུ་ཕྱིན་པ་ཞེས་པ་དང་།  བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་མི་རིགས་མཐུན་སྒྲིལ་སྐོར་གླེང་སྟེ་ཕན་ཚུན་ལྟ་སྐྱོང་བྱས་ནས་ཐུན་མོང་ཐོག་ཕུགས་འདུན་སྒྲུབ་ཞེས་པ་སྤེལ་ནས། བོད་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་།  མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཐུན་མོང་ཐོག་གྲ་རྒྱས་གོང་འཕེལ་ཡོང་ཐབས་བྱས་པ་བཅས་ཀྱི་ཞི་མཐུན་རྣམ་པ་མཚོན་པར་བྱས་ཡོད།

ཀྲུང་གོ་གསར་འགྱུར་དྲ་བས་ཚོགས་འདུ་གཉིས་ཀྱི་གསུང་སྒྲ་ཞེས་པའི་ཆེད་སྒྲིག་ལེ་ཚན་ནང་།  ཁག་སོ་སོར་ཨུ་ཡོན་ཐུབ་བསྟན་མཁས་གྲུབ་དང་ཀྲང་ཞའོ་ལ་ཆེད་དོན་བཅར་འདྲི་ཞུས་པའི་སྐོར་སྤེལ་ནས།  རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་དང་དམངས་འཚོ་འགན་སྲུང་ལས་དོན་གྱི་གོང་འཕེལ་གསར་པ་མངོན་པར་བྱས་ཡོད།

ཀྲུང་གོའི་དྲ་བས་ཚན་རྩལ་ལ་བརྟེན་ནས་བོད་ལྗོངས་ཀྱི་སྤོ་རུང་བའི་རིག་དངོས་སྲུང་སྐྱོབ་བྱེད་ཅེས་པ་གཏོང་སྤེལ་བྱས་ཏེ་ཨུ་ཡོན་ལྷག་པར་བཅར་འདྲི་ཞུས་པ་བརྒྱུད།  བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཐད་སྤྱོད་པའི་ཚན་རྩལ་གསར་པ་ངོ་སྤྲོད་བྱས་ཡོད།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་རྒྱ་སྐད་ཀྱི་རྒྱལ་སྤྱིའི་འཕྲིན་ལམ་ཐོག་བློ་རིག་མཁོ་སྤྲོད་སྦྲེལ་ཐག་ཏུ་བྱས་ཏེ་བོད་ལྗོངས་མངའ་རིས་དྲ་སྦྲེལ་ཐུབ་རྒྱུར་རམ་འདེགས་བྱེད་ཅེས་པའི་གནས་ཚུལ་སྤེལ་ནས།  འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གློག་འདྲེན་གློག་འགྱུར་ལས་གཞིའི་དངོས་ཟོག་མཁོ་སྤྲོད་འགན་སྲུང་བྱས་ཚུལ་ངོ་སྤྲོད་བྱས་ཡོད་ལ།  ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་འཕྲིན་ལམ་ཐོག་གཏོང་སྤེལ་བྱས་པའི་དུས་ཚོད་དམ་འཛིན་བྱས་ནས་དྭངས་གཙང་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་བྱེད་ཅེས་པའི་ནང་།  ཆབ་མདོའི་སོལ་བ་ལུང་ཆུ་ཤུགས་གློག་ཁང་གི་ཨར་སྐྲུན་འཕེལ་རིམ་ངོ་སྤྲོད་བྱས་པ་དང་།  ཕྱོགས་བསྡུས་གསར་འགྱུར་ནང་།  གཙོ་གནད་ལས་གཞིའི་རྣམ་གྲངས90གཅིག་བསྡུས་ཐོག་ལས་འགོ་བཙུགས་པའི་གནས་ཚུལ་གཏོང་སྤེལ་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ།  རིག་གནས་ཡུལ་སྐོར་བཅས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ངོ་སྤྲོད་བྱས་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།