ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བོད་སྨན་ཁང་ཕྱི་ནད་ཚན་ཁག་གིས་ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་སྐོར་དགུ་པ་དང་། ཆབ་མདོ་བོད་སྨན་ཁང་གི་འཇུ་བྱེད་ཚན་ཁག སྦྲིད་སྨན་ཚན་ཁག གཤགས་བཅོས་ཁང་སོགས་ཀྱི་མཉམ་འབྲེལ་འོག སྨན་ཁང་དེའི་ལོ་རྒྱུས་ཐོག་གི་གཞང་སྐྲནMilesརྩ་བཅོས་གཤགས་བཅོས་ཐེངས་དང་པོ་བྱས་པ་རེད།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཆབ་མདོ་གྲོང་ཁྱེར་བོད་སྨན་ཁང་འཇུ་བྱེད་ཚན་ཁག་གི་གཙོ་བཅོས་སྨན་པ་གཞོན་པ་ཚེ་རིང་གཡང་འཛོམས་ཀྱིས“བྱ་བ་བཟང་བོ་འདི་ལྟ་བུ་ནི་དེ་སྔོན་བསམ་པའི་ཡུལ་དུ་ཡང་འཁོར་མི་ཕོད་པ”ཞིག་ཡིན། དེ་དག་ཚོགས་སྒྲིག་རྣམ་པའི་སྨན་བཅོས་ཤེས་ལྡན་པའི་བོད་སྐྱོར་དང་རིམ་པ་གསུམ་པའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་བྱས་པ་ལས་བྱུང་བ་ཞིག་ཡིན་པས། ཆབ་མདོ་གྲོང་ཁྱེར་གྱི་བདེ་ཐང་འགན་ལེན་དྲ་བ་ཟམ་མི་ཆད་པར་ཚགས་དམ་དུ་སོང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་སྟོན་གྲངས་མངོན་གསལ་དོད་པོས་མཐོ་རུ་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་སོང་ཡོད”ཟེར།
དེ་དང་ཆབས་ཅིག་ཏུ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་བར་སྤེལ་རེས་མཉམ་འདྲེས་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་འཆམ་པར་སྐུལ་འདེད་གཏོང་རྒྱུ་དེ་སྨན་བཅོས་བོད་སྐྱོར་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
“སྨན་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་བོད་སྐྱོར་སྨན་པས་ལག་རྩལ་བསླབས་ནས་སྔོན་མ་ང་ཚོས་སྤེལ་མི་ཐུབ་པའི་ལས་སྒོ་ད་ལྟ་སྤེལ་ཐུབ་པ་དང་། སྔོན་མ་ནད་རྟགས་ངོས་འཛིན་མི་ཐུབ་པ་ད་ལྟ་ངོས་འཛིན་ཐུབ་ནས་སྨན་བཅོས་ཐུབ་པ། སྔོན་མ་གཤགས་བཅོས་བྱེད་མི་ཐུབ་པ་ད་ལྟ་ལེགས་གྲུབ་ཐུབ་ཡོད། དེ་དང་ཆབས་ཅིག་ཏུ་ང་ཚོས་མི་འགྱངས་བར་རྒྱང་བསྟེན་སྨན་བཅོས་དང་རྒྱང་བསྟེན་བརྙན་རིས་སློབ་ཁྲིད་བཀོལ་སྤྱོད་བྱ་རྒྱུ་ཡིན་ལ། དེའི་ང་ཚོའི་ས་གནས་ཀྱི་སྨན་དོན་མི་སྣའི་སློབ་སྦྱོང་སྤུས་ཚད་མཐོ་རུ་གཏོང་ཐུབ་པ་མ་ཟད། ད་དུང་མི་ཤུགས་དང་དངོས་ཤུགས་ཀྱང་གྲོན་ཆུང་ཐུབ་ཏེ་མ་གནས་དམའ་མོ་ཡིས་ལས་ཆོད་ཆེ་རུ་གཏོང་རྒྱུ་རེད”ཅེས་ཚེ་རིང་གཡང་འཛོམས་ཀྱིས་གསར་འགོད་པར་བཤད་བྱུང་།
ཚེ་རིང་གཡང་འཛོམས་ཀྱིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་ནད་བཅོས་སྲོག་སྐྱོབ་དང་། སྨན་བཅོས་བྱས་ནས་སྨན་བསྐྱལ་བ་བཅས་ཀྱི་བརྒྱུད་རིམ་ཁྲོད་མང་ཚོགས་དང་མཛའ་བརྩེའི་འབྲེལ་བ་ཟབ་མོ་བཙུགས་ནས་མི་རིགས་མཐུན་སྒྲིལ་གྱི་སོན་བཟང་བཏབ་སྟེ། བྱ་སྤྱོད་དངོས་ཀྱིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”ཟབ་ཏུ་བཏང་བ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་སྔར་བས་བརྟན་པོ་བཙུགས་ཐུབ་ཡོད་ཅེས་བཤད།
ཚེ་རིང་གཡང་འཛོམས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་མི་རིགས་ཁག་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་གི་ཁྲོད་དུ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་བཅས་བརྟན་པོར་བཅངས་ནས་མི་རིགས་རེ་རེ་དང་སྤྱི་དམངས་རེ་རེ་ཚང་མས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་སྟོབས་ཤུགས་ཕུལ་ནས་མེས་རྒྱལ་དར་རྒྱས་གོང་འཕེལ་བྱུང་བའི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་དགོས་པ་བསྟན། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
འཐུས་མི་ཚེ་རིང་གཡང་འཛོམས་ཀྱིས་སྨན་བཅོས་བོད་སྐྱོར་གྱིས་མི་རིགས་ཕན་ཚུན་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་སྦྲེལ་ཟམ་འཛུགས་དགོས་པ་གསུངས།