ཏང་འཛུགས་སྐྱོང་ལས་དོན་དམ་དུ་བཟུང་། དམངས་བདེ་སྐྱིད་ལམ་བུ་སྔར་བས་ཡངས།

——བོད་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

ཉེ་བའི་ལོ་ཤས་རིང་། ཝ་པ་གླིང་སྡེ་ཁུལ་གྱིས“མི་རིགས་ལས་དོན་ཐད་དོན་ཆུང་མེད་པའི”རྩ་དོན་གཞིར་བཟུང་མི་རིགས་མཐུན་སྒྲིལ་དེ་ཉིད་སྡེ་ཁུལ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་སྤུན་ཟླ་མིང་སྲིང་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་མ་ཤུགས་ཆེན་ཐེབས་ཡོད།

འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་གྱི་བོད་རིགས་དང་། རྒྱ་རིགས། ཧུད་རིགས། པའེ་རིགས། ཏུང་ཞང་རིགས། ཡུ་གུར་རིགས་སོགས་ཀྱི་གྲོང་མིས་སྡེ་ཁུལ་གྱི་ཏང་ཡོན་བྱེད་སྒོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་རླབས་ཆེན་གྱི་འདུ་འགོད་ཅིག་ལ་བརྩིས་ནས་སྐུལ་འདེད་གཏོང་བ་ནི་རང་རེའི་ཏང་གི་གསར་གཏོད་ཆེན་པོ་ཞིག་དང་། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་གནང་བའི་ཐབས་མཆོག་གལ་ཆེན་ཞིག་ཡིན།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དར་དམར་གྲོང་ཚོའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས་ལོ་གཅིག་རིང་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ལྷག་དོན་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད། མཐའ་སྐྱོང་བོད་བརྟན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་འགན་ལེན་བྱས་པ་ཡིན་ཞེས་གསུངས་པ་རེད།

སྐལ་བཟང་སྒྲོལ་དཀར་གྱིས་མིག་སྔར་དར་དམར་གྲོང་ཚོ་ཕྱོགས་ཡོངས་ནས་དབུལ་ཞྭ་ཕུད་ཟིན་པ་དང་2019ལོའི་ལོ་མཇུག་ཏུ་སླེབས་སྐབས་གྲོང་ཚོའི་གྲོང་མི་ཡོངས་ཀྱི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་26གི་མི་93ཡོད་པ་དང་དུད་ཚང་6ལ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ལོངས་སྤྱོད་ཐུབ་པ་དང་། མི་14ཁྲེང་ཀོན་ཆུས་ས་གཙང་བདེ་ཐང་ཐོན་ལས་སུ་ལས་ཞུགས་ཐུབ་ནས་མི་རེར་ལོ་རེར་ཐོན་ལས་ཀྱི་བགོ་འགྲེམས་སྒོར་2760རག་གི་ཡོད་པས། དར་དམར་གྲོང་ཚོའི་རྒྱ་ཆེའི་གྲོང་མི་ཚོའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བློ་ཡིད་ཚིམ་ཚད་བཅས་ཧ་ཅང་མཐོ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།

“དུས་བབ་གསར་པའི་འོག་མེ་ཏོག་གི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་ཏང་འཛུགས་སྐྱོང་ལས་ཀའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་དང་ལེགས་སུ་ཤུགས་ཆེན་བཏང་ཡོད། ཏང་འཛུགས་སྐྱོང་གི་ལས་ཀའི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཏང་རྩ་འཛུགས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཀུན་སྤྱོད་དང་བསམ་བློ་ཆབ་སྲིད་ལས་དོན་ལ་དམ་འཛིན་བྱེད་པ་སོགས་ལ་བྱ་ཐབས་གསར་པ་བཏོད་ཡོད”ཅེས་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གླེང་སྐབས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་སྐལ་བཟང་བདེ་སྐྱིད་ཀྱིས་གསར་འགོད་པར་དེ་ལྟར་གསུངས་པ་རེད།

སྐལ་བཟང་བདེ་སྐྱིད་ཀྱིས་2019ལོ་ནས་བཟུང་རྫོང་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། “ཚད་ལོན་ཏང་ཡོན་དང་གདོང་ལེན་དཔེ་བཟང་བྱེད་པ”དང་། གསར་བརྗེའི་མཚན་སློབ་སོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང“སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན”དང་། “གུང་ཁྲན་ཏང་ཡོན་གྱི་དྲ་བ” “བོད་ལྗོངས་ཏང་ཡོན་གྱི་སློབ་གསོའི་དྲ་བ”སོགས་ལག་ཐོགས་ཁ་པར་གྱི་APPདང་དེ་བཞིན“གུང་ཁྲན་ཏང་ཡོན”དང“བོད་ཀྱི་གདོང་ལེན”སོགས་ཀྱི་སྐད་འཕྲིན་སྤྱི་རྟགས་བརྒྱུད“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “ཆེར་གཏོང་གསུམ་དང་གཞོགས་འདེགས་ལྔ” “འབྲེལ་གསུམ་སྐྱོད་གསུམ་གྲོགས་འདྲིས་གཅིག”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱེད་སྒོའི་གོ་སྐབས་དང་ཟུང་འབྲེལ་ནུས་ལྡན་བྱས་ནས། རིམ་པ་དང་དུས་མཚམས་དབྱེ་སྟེ་ཆབ་སྲིད་སློབ་གསོ་དང་སྤྱོད་གཙང་སློབ་གསོ་སྤེལ་ནས་བསམ་བློའི་འགོག་སྲུང་འཛིང་རགས་བཏོད་པ་དང་འདུ་ཤེས་འཛིན་སྟངས་ལ་ཤུགས་སྣོན་བརྒྱབ་ཡོད་ཅེས་གསུངས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་གི་ཤང་ཀྲང་དཀོན་མཆོག་ཆོས་སྒྲོན་གྱིས་ཉེ་བའི་ལོ་ཤས་རིང་རྩ་རི་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཚད་ལྡན་ཅན་དང་ཚད་གཞི་ཅན་དམ་འཛིན་བྱ་གཞིར་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ས་གནས་ས་ཐོག་ཏུ་ལས་འགན་སྒྲུབ་ཚུལ་ལས་དོན་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་སྟེ། གཞི་རིམ་རྩ་འཛུགས་འདི་ཉིད་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། མང་ཚོགས་ལ་ཞབས་ཞུ། མི་སེམས་གཅིག་སྒྲིལ། མི་རིགས་མཐུན་སྒྲིལ། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་སྲུང་སྐྱོང་། ཁྲིམས་ལུགས་དྲིལ་བསྒྲགས། རིག་གནས་བྱེད་སྒོ་བཅས་ཀྱི་འཐབ་ས་ཞིག་ཏུ་གཏོད་ཐུབ་པ་བྱས་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།