ན་ནིང་ཉིང་ཁྲིའི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར172.95ཟིན།

W020200525355078040305.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5པའི་ཚེས22ཉིན།  གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཉིང་ཁྲིའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ2019ལོར།  ཉིང་ཁྲི་གྲོང་ཁྱེར་གྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར172.95ལེགས་སྒྲུབ་ཟིན་པ་དེ་དུས་མཚུངས་ལས་བ8.1%འཕར་ཡོད་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་ཁག་སོ་སོར་སྒོར33091དང་སྒོར16710ཟིན་ཡོད་པ་དེ།  དུས་མཚུངས་ལས11.3%དང12.8%འཕར་ཡོད།  གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་གྲངས་གནས་གཉིས་འཕར་རྒྱུ་ལོ་མང་བསྟུད་མར་རྒྱུན་འཁྱོངས་ཐུབ་ཡོད།།

W020200525355078142757.jpg

གསོ་ཚགས་ལས་ལ་ཞུགས་ནས་ཕྱུག་འགྱུར་ལམ་སྣེ་ཟིན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།