རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་དགོས་པ་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་སྐལ་བཟང་བདེ་སྐྱིད་2019ལོ་ནས་བཟུང་སོས་དལ་ངང་སྡོད་ཁོམ་བྱུང་མེད།

ལོ་གཅིག་རིང་ཁོང་གིས་ཐོག་མཐའ་བར་གསུམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་རང་འགན་གཙང་སྒྲུབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ལ་འཛིན་རྒྱུ་མཐའ་འཁྱོངས་བྱས་པས་སློབ་གྲྭ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་སོང་སྟེ། མི་དམངས་ཀྱི་གནས་ཚུལ་དང་འདོད་བློ་ཁོང་དུ་ཆུད་པ་དང་། མིག་རྒྱང་དང་མཐོང་རྒྱ་ཡངས་སུ་སོང་བ། བྱེད་ཐབས་དང་ཉམས་མྱོང་བསགས་ཐུབ་པ། བྱང་ཚད་དང་འཇོན་ཐང་ཆེ་རུ་སོང་བ་མ་ཟད། ལྷག་པར་དུ་རང་ལྗོངས་ཀྱི་སློབ་གསོ་དོ་སྙོམས་འཕེལ་རྒྱས་གཏོང་བ་དང་། བྱང་ཚད་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཐད་ཀྱི་ནང་དོན་ལ་དམིགས་ནས། རྒྱ་ཆེའི་དགེ་རྒན་དང་ལས་བཟོ་ཚོ་དང་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་བསྡུ་ལེན་བྱས་ནས་ཁྲིམས་ལྟར་འཐུས་མིའི་འགན་དབང་དེ་བས་ལེཌ་པ་ལག་བསྟར་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

“ཉེ་བའི་ལོ་ཤས་རིང་། ཏང་གི་སྲིད་ཇུས་བཟང་པོའི་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད”ལས་ཀ་དང་བརྟག་ཞིབ་གང་ཡིན་རུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་སྐལ་བཟང་བདེ་སྐྱིད་མང་ཚོགས་ཁྲོད་སྐྱོད་པའི་གོ་སྐབས་དེ་བས་མང་བ་ཡོད་ལ། བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་མྱོང་རོལ་བྱེད་པའི་གོ་སྐབས་ཀྱང་དེ་བས་མང་བ་ཡོད། “རང་ཉིད་ཀྱི་ཕ་ཡུལ་མེ་ཏོག་རྫོང་ལ་ཆ་མཚོན་ན་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་བསྟུན་ཏེ། རྫོང་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད། ལྷག་པར་དུ་སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་། འོས་འགན་སློབ་གསོའི‘འགན་ལེན་གསུམ’གྱི་སྲིད་ཇུས་ལག་བསྟར་གཏིང་ཟབ། འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཅས་བཏང་བས་རྫོང་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་སོང་ཡོད། ད་ཆ་རྫོང་གྲོང་དང་ཤང་གྲོང་དུ་ཆེས་མཛེས་ཤོས་ཀྱི་སྐྲུན་དངོས་ནི་སློབ་གྲྭའི་ཉལ་ཁང་རེད་ལ་ཆེས་མཛེས་ཤོས་ཀྱི་ཁོར་ཡུག་ནི་སློབ་གྲྭའི་ཁོར་ཡུག་རེད། གནས་དེ་གའི་མང་ཚོགས་ཀྱི་སློབ་གསོའི་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་སོང་ནས་ཕྲུ་གུ་རང་འགུལ་ངང་སློབ་གྲྭར་གཏོང་བ་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ཐད་ཕན་འབྲས་བཟང་པོ་ཐོན་པ། རྫོང་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་མི་གྲངས་ལོ་རེ་བཞིན་མང་དུ་སོང་བ་བཅས་སློབ་གསོས་ལས་དབང་ལ་འགྱུར་ལྡོག་ཕྱིན་པའི་མེ་ཏོག་གི་བུ་ཕྲུག་ཉིན་རེ་བཞིན་མ་འདས་པར་མང་དུ་འགྲོ་བཞིན་ཡོད”ཅེས་སྐལ་བཟང་བདེ་སྐྱིད་ཀྱིས་གསུངས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།