རྒྱལ་ཁ་ཡོངས་སུ་མ་ཐོབ་བར་དམག་མི་ཕྱིར་འཐེན་མི་བྱེད། གྲོང་ཚོ་དང་ཡུལ་མི་གཅིག་ཀྱང་མ་ལུས་པའི་འབད་བརྩོན་བྱེད།

——བོད་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་སྐོར་གླེང་བ།

བོད་ལྗོངས་ས་གཙང་དཀར་ཆུའི་ལས་རིགས་ཚད་ཡོད་ཀུང་སིར། ལོ་38ལ་སླེབས་པའི་བྱམས་པ་བསྟན་འཛིན་གྱིས་བྱང་ཆུབ་པོས་འོ་མ་སྒམ་དང་སྒམ་འདེགས་འཁོར་ལ་བརྟེན་ནས་གཏན་འཁེལ་ཟོག་སྒྲོམ་ཐོག་སྐྱེལ་བཞིན་འདུག

“ལས་ཀ་དང་ཡོང་འབབ་བརྟན་པོ་འདི་འདྲ་སྔོན་མ་བསམ་བློར་འཁོར་མྱོང་ཡང་མེད”ཅེས་བྱམས་པ་བསྟན་འཛིན་གྱིས་བརྗོད་པ་དང་། ལོ་གཉིས་ལྷག་ཙམ་གོང་། བྱམས་པ་བསྟན་འཛིན་དང་ཁོང་གི་ནང་མི་ལྷུན་གྲུབ་རྫོང་ནས་ཁྲེང་ཀོན་ཆུས་ཀྱི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཡིན་པའི་ཕན་པ་སྡེ་ཁུལ་དུ་སྤོས་པ་དང་འབྲེལ། ཁྱིམ་གྱི་སྒོ་རྩར་ལས་ཞུགས་བརྟན་པོ་ཐུབ།

“ད་ལྟ་ཟླ་རེར་ཡོང་འབབ་སྒོར་4000ལྷག་ཙམ་འདུག འཚོ་བ་ཡག་ཏུ་ཕྱིན་སོང”ཞེས་བྱམས་པ་བསྟན་འཛིན་གྱིས་གད་མོ་དགོད་བཞིན་གསར་འགོད་པར་བརྗོད།

བྱམས་པ་བསྟན་འཛིན་གྱི་ཁྱིམ་ནི་ཉེ་ལམ་ལོ་ཤས་རིང་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཡིན་ཞིང་། 2019ལོར། རང་ལྗོངས་ཀྱི་རྫོང(ཆུས)དབུལ་པོ་19ཡི་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཐུབ་ནས། དབུལ་པོ་དབུལ་རྐྱང་སྤྱིར་ན་བསལ་བས་སྤྱི་ཡོངས་ཀྱི་འགག་སྒྲོལ་ལས་དོན་ལ་རྒྱལ་ཁ་ཡོངས་སུ་འཐོབ་ཉེར་ཡོད་པ་རེད།

ལྷ་སར། 2019ལོར་གྲོང་ཁྱེར་ཡོངས་ཀྱི་མི་འབོར་དབུལ་པོ་སྒུལ་རྣམ་དབུལ་སྒྲོལ་བྱུང་ནས། དབུལ་པོ་དབུལ་རྐྱང་གི་གནད་དོན་སྤྱིར་ན་བསལ་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་མི་འབོར་དབུལ་པོ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11364ཟིན་ཡོད་པ་རེད།

“2019ལོར། ལྷ་ས་གྲོང་ཁྱེར་གྱིས་དབུལ་སྐྱོར་བྱེད་མཚམས་མི་འཇོག་པ་དང་། འགན་འཁྲི་མི་འདོར་བ། ལས་དོན་སྤེལ་མཚམས་མི་འཇོག་པ་བཅས་བྱས་ནས། དབུལ་སྒྲོལ་བྱུང་བ་དབུལ་པོ་རང་ལོག་སྔོན་འགོག་བྱེད་པ་དང་། མཐར་ལུས་མི་འབོར་དབུལ་པོ་ཆགས་རྒྱུ་སྔོན་འགོག་བྱེད་པའི‘སྔོན་འགོག་གཉིས’གཙོ་གནད་དུ་འཛིན་པ་དང་། ‘མཚམས་མི་འཇོག་པ་བཞིའི’བླང་བྱ་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་གཞིར་བྱས་ནས་དབུལ་སྒྲོལ་ལམ་སྲོལ་ཕུགས་ཕན་ཅན་དང་། ཐ་སྐྱོང་འགན་ལེན་གནད་སྨིན་ཅན། ཐོན་ལས་སྐུལ་ཁྲིད་སྲ་བརྟན་ཅན། ངལ་ནུས་གཞན་སྒྱུར་རྒྱུན་རྣམ་ཅན་བཅས་ཡོང་བ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་ཡོད”ཅེས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྐོར་གླེང་སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་སྒོར་སྒོར་གྱིས་དེ་ལྟར་གསུངས།

འདི་ལོ་ཏོག་གསར་གློ་ཚད་རིམས་ནད་ལས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་འགྲན་སློང་གསར་པ་འཕྲད་པར་དམིགས་ནས། སྒོར་སྒོར་གྱིས། ལྷ་ས་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། རོཌ་སྐྱོར་བྱེད་མཚམས་མི་འཇོག་པ་དང་། བསམ་བློར་ལྷོད་གཡེང་མི་གཏོང་བ། འགན་འཁྲི་ཡང་དུ་མི་གཏོང་བ་བཅས་བྱས་ནས་ཉེན་ཁ་གོ་སྐབས་སུ་བསྒྱུར་བ་དང་མངོན་མེད་སྟོབས་ཤུཌ་སྔོག་འདོན་གང་ལེཌ་བྱས་ཡོད་ཅེས་གསུངས།

“མིག་སྔར། མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་འགག་སྒྲོལ་དཀའ་སེལ་འགག་རྩའི་དུས་མཚམས་སུ་སླེབས་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་བཅས་ཡིན་པའི་ཕུན་ཚོཌ་ཀྱིས་གསར་འགོད་པར་གསུངས།

ཕུན་ཚོགས་ཀྱིས། མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་པ་སྟེ། གཅིག་ནས་མི་འབོར་དབུལ་པོ་ཉུང་དུ་ཤུགས་ཆེན་ཕྱིན་ཡོད། ལོ་བཞིའི་རིང་། ས་ཁུལ་ཡོངས་སུ་རིམ་རྩིས་ལྟར་ན། དུད་ཚང་དབུལ་པོ་6214དང་མི་གྲངས་23230ཉུང་དུ་ཕྱིན་ནས། དབུལ་པོ་ཆགས་ཚད་2015ལོའི་28.7%ནས་གཅིག་ཀྱང་མི་ལྷག་པའི་བར་ཆག་པ་དང་། གཉིས་ནས་མང་ཚོགས་ཀྱི་ཡོང་འབབ་ཤུགས་ཆེན་འཕར་ཡོད། ས་ཁུལ་དབུལ་པོའི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། མི་འབོར་དབུལ་པོར“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”མངོན་འགྱུར་ཐུབ་ནས། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་9537ཟིན་ཏེ་ད་ལྟ་ལག་ལེན་བསྟར་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞི་ལས་མཐོ་བ་ཡོད། གསུམ་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། མ་དངུལ་སྒོར་དུང་ཕྱུར་4.18བཏང་ནས། རིམ་རྩིས་ལྟར་ན། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་17000གྱི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཡོད། མ་དངུལ་སྒོར་ཁྲི་3672.69བཏང་ནས། རིམ་རྩིས་ལྟར་ན། དུད་ཚང་1881གི་མི་གྲངས་6622ཀྱི་སྡོད་ཁང་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཡོད། ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་1སྒྱུར་བཀོད་རིམ་སྤོར་བྱས་ནས་མི་7091ལ་ཕན་པ་ཐོབ་ཡོད། བཞི་ནས་གནད་སྨིན་རོགས་སྐྱོར་བྱ་ཐབས་སྔར་བས་དོན་འཁྱོལ་བྱས་ཡོད། 2019ལོའི་ལོ་མཇུག་བར། ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཁག་73ལས་མཇུག་འགྲིལ་ནས་མང་ཚོགས་དབུལ་པོ་12497ལ་ཁེ་ཕན་ཐོབ་པ་དང་། ཐད་ཀར་མི་5569ལ་ཕན་པ་ཐོབ་ནས་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་1450བྱུང་བ་དང་ཐོན་ལས་ལ་བརྟེན་ནས་མི་6588དབུལ་སྒྲོལ་ཐུབ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།